ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

Cལུའོ་ལ་སྤྱི་ལོ་2020ལོའི་གསེར་ཞབས་བྱ་དགའ་ཐོབ་པ།

2020-12-23 09:25:00     责编:卓玛才让

     སྤྱི་ཟླ་12པའི་ཚེས་21ཉིན། Cལུའོ་ཡིས་མུའོ་ནཱ་ཀོའི་མེང་ཐེ་ཁ་ལུའོར་སྤྱི་ལོ་2020ལོའི་གསེར་ཞབས་བྱ་དགའ་བླངས་པ་དང་། ཁོང་གིས་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུའི་ཐོག་གཙོ་སྒྲུབ་ལས་ཁུངས་དང་འཛམ་གླིང་ཐོག་ཁོང་ལ་དགའ་མོས་བྱེད་མཁན་དག་ལ་བཀའ་དྲིན་ཆེ་ཞུས་ཡོད་པ་རེད།

     གསེར་ཞབས་བྱ་དགའ་ནི་སྤྱི་ལོ་2003ལོར་བཙུགས་པ་དང་། རང་ལོ་28ཡན་གྱི་རྐང་རྩེད་སྤོ་ལོ་རྩེད་མཁན་གྲགས་ཅན་ལ་སྤྲོད་ཅིང་། ལོ་རེར་ཐེངས་གཅིག་དང་རྐང་རྩེད་སྤོ་ལོ་བ་གྲགས་ཅན་གཅིག་ལ་ཐེངས་གཅིག་ལས་སྤྲོད་ཀྱི་མེད་པ་མ་ཟད། གཟེངས་རྟགས་འདི་ཐོབ་མཁན་ནས་མུའོ་ནཱ་ཀོའི་བྱ་དགའི་ལམ་ཆེན་ཐོག་རང་ཉིད་ཀྱི་ཞབས་རྗེས་ཀྱང་འགོད་ཆོག་གི་ཡོད།

     སྤྱི་ཟླ་12པའི་ཚེས་1ཉིན་གསེར་ཞབས་བྱ་དགའ་སྤྲོད་པའི་གཞུང་ཕྱོགས་ནས་ད་ལོའི་གཟེངས་རྟགས་དེ་Cལུའོ་ལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་12པའི་ཚེས་20ཉིན་Cལུའོ་མེང་ཐེ་ཁ་ལུའོར་བྱ་དགའ་དེ་ལེན་དུ་སླེབས་ཡོད། ཡིན་ཡང་མིག་སྔའི་རིམས་ནད་ཡམས་དབང་གིས་བྱ་དགའ་སྤྲོད་པའི་མཛད་སྒོར་མི་མང་པོ་ཞུགས་མེད་པ་དང་། Cལུའོ་ནས་ཀྱང་བྱ་དགའི་ལམ་ཆེན་དེར་ཞབས་རྗེས་བཀོད་ཟིན་པ་རེད།

     Cལུའོ་ཡིས། བྱ་དགའ་འདི་ཐོབ་པར་ངས་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད། ངའི་རྐང་རྗེས་རླབས་ཆེན་གྱི་མི་བུ་དེ་དག་དང་ཐག་ཉེར་ཕྱིན་པར་དགའ་སྤྲོ་ཚད་མེད་སྐྱེས་བྱུང་ལ། ང་ལ་འདེམས་ཤོག་འཕེན་མཁན་གྱི་འཛམ་གླིང་ཡོངས་ཀྱི་སྤོ་ལོར་དགའ་པོ་བྱེད་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་།

ཡིག་སྒྱུར། རྡོ་ཐར།

中央广播电视总台 央广网 版权所有

Cལུའོ་ལ་སྤྱི་ལོ་2020ལོའི་གསེར་ཞབས་བྱ་དགའ་ཐོབ་པ།