ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

2020-11-19 09:45:00     责编:sangjzm

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ141323གསར་དུ་གཏན་འཁེལ་བྱས་པ་དང་། ནད་པ553ཤི་བ་རེད།

ཉིན6རིང་ཨ་རིར་བརྟག་དཔྱད་གཏན་འཁེལ་བྱུང་བའི་ནད་པ་ཁྲི་བརྒྱ་ལས་བརྒལ་བ།

ས་གནས་དེའི་དུས་ཚོད་ཚེས15ཉིན། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་བྱུང་ཚད་རིམ་རྩིས་བྱས་ན་ནད་པ་མི་ཁྲི1100ལས་བརྒལ་བ་དང་། དེ་ལས་ཆ་སྙོམས་ཨ་རིའི་མི30ཡི་ནང་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ་མི1རེ་ཡོད་པ་མཚོན་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། ཚེས9ཉིན་རིམ་རྩིས་བྱས་ན་ནད་པ་ཁྲི1000ཡོད་པ་ནས་ཚེས15ཉིན་བར་རིམ་རྩིས་བྱས་ན་ནད་པ་ཁྲི1100གཏན་འཁེལ་བྱུང་བ་དེས་ཉིན6ནང་ནད་པ་ཁྲི100ལྷག་ཙམ་མང་དུ་ཕྱིན་ཡོད་པ་མཚོན་ལ། ཆ་སྙོམས་ཉིན་རེར་ནད་པ་མི་ཁྲི16ལྷག་ཙམ་མང་དུ་ཕྱིན་པ་དང་། ཨ་རིར་ཏོག་གསར་གློ་ཚད་རིམས་ནད་ཐོན་ནས་ཟླ་བ་བཅུ་ཙམ་གྱི་རིང་གི་མྱུར་ཚད་མགྱོགས་ཤོས་ལ་སླེབས་ཡོད་པ་རེད།

ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་རིམས་ནད་གནོད་འཚེ་ཚབས་ཆེན་གྱི་རིམ་པར་སླེབས་ཡོད་ཅེས་བརྗོད་པ།

ཨ་རིའི《ཕྱི་འབྲེལ་སྲིད་ཇུས》དུས་དེབ་ལས་ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་“གནོད་འཚེ་ཚབས་ཆེན”རིམ་པར་སླེབས་ཡོད་པར་བསྟན་པ་དང་། གལ་ཏེ་ཨ་རིའི་རིམས་ནད་བྱུང་བའི་གནས་ཚུལ་གྱི་ས་ཁྲ་ཞིག་བྲིས་ཚེ། རིམས་ནད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དེ་དམར་པོ་ཡིན་ན་ཨ་རི་ཡོངས་ཀྱི་མངའ་སྡེ50ཁྲོད་ཀྱི་མངའ་སྡེ49ཚང་མ་དམར་པོ་ཡིན་པ་རེད། འོན་ཀྱང་གནས་ཚུལ་དེ་འདྲའི་འོག་ཨ་རིའི་སྲིད་གཞུང་ནང་ཁུལ་དུ་ད་དུང་ཆབ་སྲིད་ཀྱི་འཐབ་རྩོད་ལ་བྲེལ་ནས་རིམས་ནད་བྱུང་བར་ཚོད་འཛིན་བྱེད་པར་སེམས་ཁུར་གཏན་ནས་བྱེད་ཀྱི་མེད།

ཨ་རིའི་སྤྱི་པའི་འཕྲོད་བསྟེན་གྱི་ཆེད་མཁས་པས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་དོན། ཟླ1པའི་ཚེས21ཉིན་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་འཁེལ་བྱས་པ་ནས་ཟླ་བ་བཅུ་ཙམ་འགོར་བའི་རིང་ལ། ཨ་རི་ནི་རྟག་པར་རིམས་ནད་ཀྱི་མཐོ་རླབས་དང་པོའི་དཀའ་ངལ་ལས་ཐར་དཀའ་བར་གྱུར་པ་དང་། རིམས་ནད་ཀྱི་དཔེ་རིས་འཁྱོག་ཐིག་དེ་ཚད་དམའ་མོའི་གནས་ལ་ཆག་མ་མྱོང་ལ། ཚད་མཐོན་པོའི་བར་དུ་རྒྱུན་བསྐྱངས་ནས་གནས་ཡོད་པ་རེད།

ཨ་རིའི་སྨན་བཅོས་མ་ལག་ཉེན་ཁར་འཕྲད་པ།

ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས14ཉིན་བར་ཨ་རི་ཡོངས་སུ་སྨན་ཁང་དུ་སྡོད་པའི་ཏོག་གསར་གློ་ཚད་ཀྱི་ནད་པ69455ཡོད་པ་དང་། བསྟུད་མའི་ཉིན་ལྔ་ནང་་སྨན་ཁང་དུ་སྡོད་པའི་མི་གྲངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། ཨ་རིའི་ཆའོ་ཀྲི·ཝ་ཧྲིན་ཐོན་སློབ་ཆེན་གྱི་གསོ་རིག་དགེ་རྒན་ཆེན་མོ་ཆའོ་ན་སན·ལའེ་ནཱ་ཡིས་བརྗོད་དོན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་རྒྱུན་མཐུད་ངང་ཇེ་མང་དུ་འགྲོ་བཞིན་པ་དེ་ལས་སྨན་ཁང་གི་ནད་ལྕི་མོའི་ལྟ་སྐྱོང་ཁང་གི་ཁུར་པོ་ཧ་ཅང་ལྕི་རུ་ཕྱིན་པ་དང་། གལ་སྲིད་ནད་ལྕི་མོའི་ལྟ་སྐྱོང་གི་ནད་ཁྲི་ཇེ་མང་དུ་གཏོང་ཐུབ་རུང་དེར་བསྟུན་པའི་སྨན་བཅོས་མི་སྣ་མེད་པ་རེད་ཅེས་བཤད།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

中央广播电视总台 央广网 版权所有

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ