ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་ཡུལ་མང་པོར་རིཊ་རྒྱུད་མཐོང་ཆུང་ལ་རྒོལ་བའི་བྱེད་སྒོ་སྤེལ་བ།

2020-08-31 11:28:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་29ཉིན་གྱི་ཕྱི་དྲོ། མི་སྟོང་ཕྲག་མང་པོས་ཨ་རིའི་ཝེ་སི་ཁང་ཤིང་མངའ་སྡེའི་ཅི་ནུའོ་ཧྲ་གྲོང་ཁྱེར་གྱི་སྲང་ལམ་དུ་བསྐྱོད་དེ་ཞི་བདེའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། སྤྱི་ཚེས་23ཉིན་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་བཟོས་པའི་རང་ལོ་29ལ་སླེབས་པའི་མི་རྒྱུད་ནག་པོའི་སྐྱེས་པ་པུའུ་ལེ་ཁེའི་ཆེད་དུ་གཞུང་དྲང་དང་དྲང་བདེན་རེ་འབོད་བྱས་ཡོད་པ་རེད།

འདས་ཟིན་པའི་གཟའ་མཇུག་རིང་། ཅི་ནུའོ་ཧྲ་གྲོང་ཁྱེར་ཕུད། ཨ་ལེ་ཀེང་མངའ་སྡེའི་ཕོ་ཐེ་ལན་དང་དེ་བཞིན་དབྱི་ལི་ནུའོ་དབྱི་མངའ་སྡེའི་ཀྲེ་ཀ་ཀོ་རུའང་རིགས་རྒྱུད་ལ་མཐོང་ཆུང་དང་ཉེན་རྟོག་པས་དྲག་ཤུགས་ཁྲིམས་འཛིན་བྱས་པར་ངོ་རྒོལ་བྱེད་པའི་བྱེད་སྒོའང་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་རེད། སྤྱི་ཚེས་29ཉིན། ཨ་ལེ་ཀང་མངའ་སྡེའི་ཁེ་ལ་ཁ་མ་སི་རུ་མི་འགའ་ཤས་ཀྱིས་མི་རྒྱུད་ནག་པོའི་ཚེ་སྲོག་ཀྱང་ཚེ་སྲོག་ཡིན་ཞེས་པར་རྒོལ་གཏམ་གཏོང་བའི་བྱེད་སྒོའི་འདུ་འཛོམས་ཤིག་སྤེལ་ཡོད་པ་རེད། འདུ་འཛོམས་བྱེད་མཁན་མི་སྣ་འགའ་ཤས་ཀྱིས་ད་དུང་རླངས་འཁོར་བཏང་ནས་པོ་ཐེ་ལན་གྲོང་ཁྱེར་ཕྱོགས་སུ་བསྐྱོད་ཡོད་པ་རེད། བརྒྱུད་རིམ་དེའི་ནང་དུ་ཁོ་ཚོ་དང་ལས་ཡུལ་དངོས་སུ་ཡོད་པའི་མི་རྒྱུད་ནག་པོའི་མིའི་ཚེ་སྲོག་ཀྱང་ཚེ་སྲོག་ཡིན་ཞེས་པར་རྒྱབ་སྐྱོར་བྱེད་མཁན་བར་གདོང་གཏུག་ཐོན་ཡོད་པ་རེད། ཕོ་ཐེ་ལན་ཉེན་རྟོག་པས་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཅེས་བསྟན་པ་རེད།

ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་8པའི་ཚེས་30ཉིན། ཨ་རིའི་རྒྱལ་ཁོངས་ས་ཆའི་བདེ་འཇགས་པུའུ་ཡི་ལས་ཚབ་པུའུ་ཀྲང་ཝོར་ཕུའུ་ཡིས། ཨ་ལེ་ཀང་མངའ་སྡེའི་ཕོ་ཐེ་ལན་གྲོང་ཁྱེར་གྱི་ས་གནས་དེ་གའི་དཔོན་རིགས་ཀྱིས་ཉེན་རྟོག་པའི་དྲག་ཤུགས་ཁྲིམས་འཛིན་ལ་རྒོལ་གཏམ་གཏོང་བའི་བྱེད་སྒོ་ཞི་འཇགས་སུ་གཏོང་བའི་ནང་ཁ་གཏད་ཡག་པོ་གཅོག་ཐུབ་མེད་ཅེས་སྐྱོན་འཛུགས་བྱས་པ་མ་ཟད། ཕོ་བྲང་དཀར་པོས་སླར་ཡང་ཕོ་ཐེ་ལན་ཕྱོགས་ལ་རྒྱལ་ཕྲན་མཉམ་འབྲེལ་དམག་དཔུང་མངགས་གཏོང་བྱེད་བཟོ་ཡོད་ཅེས་བརྗོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག དབང་འདུས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ཨ་རིའི་ཡུལ་མང་པོར་རིཊ་རྒྱུད་མཐོང་ཆུང་ལ་རྒོལ་བའི་བྱེད་སྒོ་སྤེལ་བ།

འདས་ཟིན་པའི་གཟའ་མཇུག་རིང་། ཅི་ནུའོ་ཧྲ་གྲོང་ཁྱེར་ཕུད། ཨ་ལེ་ཀེང་མངའ་སྡེའི་ཕོ་ཐེ་ལན་དང་དེ་བཞིན་དབྱི་ལི་ནུའོ་དབྱི་མངའ་སྡེའི་ཀྲེ་ཀ་ཀོ་རུའང་རིགས་རྒྱུད་ལ་མཐོང་ཆུང་དང་ཉེན་རྟོག་པས་དྲག་ཤུགས་ཁྲིམས་འཛིན་བྱས་པར་ངོ་རྒོལ་བྱེད་པའི་བྱེད་སྒོའང་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་རེད། སྤྱི་ཚེས་29ཉིན། ཨ་ལེ་ཀང་མངའ་སྡེའི་ཁེ་ལ་ཁ་མ་སི་རུ་མི་འགའ་ཤས་ཀྱིས་མི་རྒྱུད་ནག་པོའི་ཚེ་སྲོག་ཀྱང་ཚེ་སྲོག་ཡིན་ཞེས་པར་རྒོལ་གཏམ་གཏོང་བའི་བྱེད་སྒོའི་འདུ་འཛོམས་ཤིག་སྤེལ་ཡོད་