ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རི་གྲོགས་མེད་ཁེར་རྐྱང་དུ་ལུས་པ།

2020-08-22 16:20:00     责编:卓玛才让

    ཚེས་14ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་རིས་བཏོན་པའི་དབྱི་རན་གྱི་མཚོན་ཆ་དབོར་འདྲེན་བྱེད་མི་ཆོག་པའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་13གྱིས་གྲོས་ཆོད་འཆར་ཟིན་དེར་རྒྱབ་སྐྱོར་མི་བྱེད་པ་ཁ་གསལ་བསྟན། ཨ་རིར་སྤ་སེ་གཅིག་གི་རྒྱབ་སྐྱོར་མ་གཏོགས་ཐོབ་མེད་པ་དང་། སྔར་མེད་ཁེར་རྐྱང་དུ་ལུས་ཡོད། དེས་ཨ་རིའི་ཕྱོགས་རྐྱང་པའི་ལངས་ཕྱོགས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་དུ་སོང་བ་གསལ་བཤད་གང་ལེགས་བྱས་ཡོད་པ་རེད།

     ཟླ་8ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་།

     གསར་འགོད་པ་ཞིག་གིས། ཟླ་8ཚེས་20ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཟླ་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིར་འཕྲིན་ཡིག་སྤྲིངས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2231པའི་ནང་གཏན་འབེབས་བྱས་པའི“བཀག་སྡོམ་མགྱོགས་མྱུར་སླར་གསོ་བྱེད་པའི”ལམ་སྲོལ་དངོས་སུ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཉིན་30ཡི་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེ་སྔའི་དབྱི་རན་ལ་བཀག་སྡོམ་བྱེད་ཐབས་ཚང་མ་སླར་གསོ་བྱ་རྒྱུའི་སྐོར་བཤད་ཡོད། ཀྲུང་གོས་དེའི་ཐད་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད་ཅེས་དྲིས་པར།

     ཀྲའོ་ལི་ཅན་གྱིས་དེའི་ལན་དུ་བསྟན་པར། ཨ་རི་ཕྱོགས་ཀྱིས་འཕྲིན་ཡིག་སྤྲིངས་པར་ཀྲུང་གོས་དོ་སྣང་བྱུང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་ཨ་རི་ཕྱོགས་རྐྱང་པས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ཕྱིར་འཐེན་བྱས་པ་དེས། ཕྱོགས་ཡོངས་གྲོས་མཐུན་ནང་ཞུགས་པའི་རྒྱལ་ཁབ་ཀྱི་དབང་ཆ་དོར་བ་དང་། “བཀག་སྡོམ་མགྱོགས་མྱུར་སླར་གསོ་བྱེད་པའི་ལམ་སྲོལ་”ལག་ལེན་བསྟར་བའི་བླང་བྱ་འདོན་པའི་ཐོབ་ཐང་མེད་པ་ཐེངས་མང་ནན་བཤད་བྱས་ཡོད། ཕྱོགས་ཡོངས་གྲོས་མོལ་ནང་ཞུགས་མཁན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་མང་ཆེ་བས་ཨ་རིའི་ཕྱོགས་ལ་བཅའ་ཁྲིམས་ཀྱི་རྨང་གཞི་གང་ཡང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། “བཀག་སྡོམ་མགྱོགས་མྱུར་སླར་གསོ་བྱེད་པའི”ལམ་སྲོལ་དོན་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་མེད།

     ཀྲའོ་ལི་ཅན་གྱིས། ངས་ཤེས་གསལ་ལྟར་ན་ཀྲུང་གོ་དང་། ཨུ་རུ་སི། དབྱིན་ཇི། ཧྥ་རན་སི། འཇར་མན། དབྱི་རན་བཅས་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་འཕྲིན་ཡིག་སྤྲིངས་ཟིན་པ་དང་། དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྱང་གསལ་བསྒྲགས་སྤེལ་ནས། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་ཅེས་བརྗོད་ཡོད།

     ཀྲའོ་ལི་ཅན་གྱིས་བསྟན་པར། ཨ་རིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དབྱི་རན་ལ་བཀག་སྡོམ་བྱ་རྒྱུ་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་པ་དེ་ནི་རང་ངོས་ཀྱི་ཆབ་སྲིད་དམིགས་ཡུལ་མངོན་འགྱུར་བྱེད་པའི་ཆབ་སྲིད་ཀྱི་བྱ་སྤྱོད་ཅིག་རེད། ཨ་རིས་ཁ་དན་རྒྱབ་སྐྱུར་དང་། ཁ་དན་ཚིག་ལ་མི་གནས་པ། ཕྱོགས་མང་རིང་ལུགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་གྲགས་ལ་གནོད་འཚེ་གཏོང་བ། རྒྱལ་སྤྱིའི་ཉིང་རྡུལ་མི་མཆེད་པའི་མ་ལག་ལ་གཏོར་བཤིག་གཏོང་བ་བཅས་བྱས་ཡོད་པ་དང་། ཨ་རི་ཕྱོགས་ཀྱིས་གྲོས་ཆོད་ལ་སྐུལ་འདེད་གཏོང་བ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འཕྲིན་ཡིག་བསྐུར་བ་གང་གིས་ཀྱང་གོང་སྨྲས་ཀྱི་བྱ་སྤྱོད་དེ་ཁྲིམས་མཐུན་དུ་འགྱུར་མི་སྲིད།

     ཀྲའོ་ལི་ཅན་གྱིས་བསྟན་པར། ཟླ་8ཚེས་14ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་རིས་བཏོན་པའི་དབྱི་རན་གྱི་མཚོན་ཆ་དབོར་འདྲེན་བྱེད་མི་ཆོག་པའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་13གྱིས་གྲོས་ཆོད་འཆར་ཟིན་དེར་རྒྱབ་སྐྱོར་མི་བྱེད་པ་ཁ་གསལ་བསྟན་ཡོད། ཨ་རིར་སྤ་སེ་གཅིག་གི་རྒྱབ་སྐྱོར་མ་གཏོགས་ཐོབ་མེད་པ་དང་། སྔར་མེད་ཁེར་རྐྱང་དུ་ལུས་ཡོད། དེའི་ཐོག་ནས་ཨ་རིའི་ཕྱོགས་རྐྱང་པའི་ལངས་ཕྱོགས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་དུ་སོང་བ་གསལ་བཤད་གང་ལེགས་བྱས་ཡོད། ཨ་རི་ཕྱོགས་ཀྱིས་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལ་གཏོར་བཤིག་གཏོང་བའི་རེ་ངན་འགྲུབ་མི་སྲིད། ང་ཚོས་ཨ་རིའི་ཕྱོགས་ལ་རང་འདོད་ཁེར་སྒྲུབ་མི་བྱེད་རྒྱུ་དང་།  འཇིག་རྟེན་ལ་ཕོག་ཐུག་མི་གཏོང་རྒྱུའི་སྐུལ་མ་བྱ་རྒྱུ་ཡིན། དེ་ལྟར་བྱས་ན་སླར་ཡང་དཔྲལ་བ་བྲག་ལ་རྡེབ་སྲིད།

     ཀྲའོ་ལི་ཅན་གྱིས་ནན་བཤད་བྱས་པར། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པར་འདྲ་མཉམ་གྱི་སྐད་ཆ་ཤོད་རེས་དང་ལྷག་བསམ་ཟོལ་མེད་ཀྱི་གྲོས་མོལ་ལ་བརྟེན་པ་ལས་བཀག་སྡོམ་དང་གནོན་ཤུགས་སྤྲོད་པ་དང་ཐ་ན་དམག་དོན་གྱི་འཇིགས་སྐུལ་བཅས་ལ་བརྟེན་གཏན་ནས་མི་རུང་། ཀྲུང་གོ་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་གྲོས་མཐུན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་དབང་གྲགས་སྲུང་སྐྱོང་དང་། རྒྱལ་སྤྱིའི་ཉིང་རྡུལ་མི་མཆེད་པའི་མ་ལག་སྲུང་སྐྱོང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུ་གཞིར་བཟུང་། འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཐག་གཅོད་འོས་འཚམ་བྱེད་ཐབས་ཐུན་མོང་ཐོག་བཙལ་ནས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཆབ་སྲིད་ཕྱི་འབྲེལ་ཐག་གཅོད་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདུན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

སྤྱི་ལོ་2020ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཁོང་ལ་ཐོབ་འདུག

སྤྱི་ལོ་1901ལོར་སྐབས་དང་པོའི་ནོ་པེར་རྩོམ་རིག་བྱ་དགའ་ཧྥ་རན་སིའི་རྩོམ་པ་པོ་སུའུ་ལི·ཧྥུ་ལུ་ཏོ་མོར་སྤྲད་པ་ནས། ད་ཕན་ལོ་120ཙམ་འདས་ཡོད།

中央广播电视总台 央广网 版权所有

ཨ་རི་གྲོགས་མེད་ཁེར་རྐྱང་དུ་ལུས་པ།