ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨ་རིས་ཀྲུང་གོའི་ཧྭ་ཝེ་འགོག་གནོན་གང་ཐུབ་བྱེད་དོན་ཅི་ཡིན་ནམ།

2020-08-01 18:33:47     责编:娜科

 

ཨ་རིས་ཀྲུང་གོའི་ཧྭ་ཝེ་འགོག་གནོན་གང་ཐུབ་བྱེད་དོན་ཅི་ཡིན་ནམ།  ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་དེའི་རྒྱུ་མཚན་ངོ་མ་གསལ་པོ་བཤད་འདུག  

 

 

 

    ཕྱི་འབྲེལ་པུའུ་ཡིས་ཟླ་7ཚེས་30ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཞིག་གིས་པར་ཙིར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་གལ་ཏེ་པར་ཙིར་གྱིས་5Gདྲ་རྒྱ་འཛུགས་སྐྲུན་ཁྲོད་ཧྭ་ཝུའེ་སྒྲིག་ཆས་སྤྱད་ན།  དེའི་མཇུག་འབྲས་ལ་འགན་འཁུར་དགོས་སྲིད་ཅེས་ཐ་ཚིག་བསྒྲགས་ཡོད།  ཀྲུང་གོས་དེའི་ཐད་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར། 

  

  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་དེའི་ལན་དུ་གཤམ་གསལ་ལྟར་བརྗོད་འདུག ཉེ་དུས། ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་སོགས་ཨ་རིའི་སྲིད་ཚོང་པ་ཁག་གཅིག་གིས་རྒྱལ་ཁབ་གཞན་ལ་གནོན་ཤུགས་ཡང་ཡང་སྤྲད་དེ་རྒྱལ་ཁབ་དེ་དག་གིས་ཧྭ་ཝུའེ་ཟུར་འབུད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཕེང་ཕེ་ཨའོ་སོགས་ཨ་རིའི་སྲིད་ཚོང་པ་ཁག་གཅིག་གིས་ཀྲུང་གོའི་འབྲེལ་ཡོད་ཁེ་ལས་ལ་སྐྱོན་འདོན་ཞུ་གཏུག་བྱས་པར་དོན་དངོས་ཀྱི་གཞི་འཛིན་ས་ཅི་ཡང་མེད།  

 

    ཨ་རི་ཕྱོགས་ཀྱིས་ཧྭ་ཝེ་ཡིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྣང་སྐུལ་བར་སྐྱོན་འཛུགས་བྱས་མོད། འོན་ཀྱང་དོན་དངོས་ཀྱིས་ར་སྤྲོད་བྱས་པར། འདས་ཟིན་པའི་ལོ་ངོ་སུམ་ཅུའི་ནང་། ཧྭ་ཝུའེ་ཡིས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་དྲ་རྒྱ་1500ལྷག་ཙམ་བསྐྲུན་ནས་འཛམ་གླིང་གི་ཁེ་ལས་རྩེ་གྲ་500ཙམ་དང་མི་འབོར་དུང་ཕྱུར་30ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། “སི་ནུའོ་ཏེང་དོན་རྐྱེན་”དང་“ཝེ་ཅི་གསང་འགྲོལ་”ལྟ་བུའི་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གཅིག་ཀྱང་བྱུང་མྱོང་མེད་པ་དང་། “མེ་ལོང་ཟུར་གསུམ་མ་”དང་། “མཉམ་བྱའི་ཚུལ་རྩ་འཛུགས། ”“སྐས་རིམ་མ་ལག”བཅས་དང་འདྲ་བའི་དྲ་རྒྱའི་ལྐོག་ཉན་ལྟ་ཞིབ་བྱ་སྤྱོད་ཀྱང་བྱུང་མྱོང་མེད། རྒྱལ་ཁབ་གང་ཞིག་གིས་ཀྱང་ཧྭ་ཝེའི་ཐོན་རྫས་ལ་“ལྟག་སྒོ་”ཡོད་པའི་དཔང་རྟགས་འདོན་ཐུབ་ཀྱི་མེད།

   

   ཨ་རི་ཕྱོགས་ཀྱིས་ད་དུང་དམངས་གཙོ་དང་རང་དབང་སྲུང་སྐྱོང་བྱ་དགོས་ཞེས་བཤད་ཀྱི་ཡོད་མོད། འོན་ཀྱང་ཚང་མས་མཐོང་བ་ནི། ཕེང་ཕེ་ཨའོ་སོགས་ཨ་རིའི་སྲིད་ཚོང་པ་ཁ་ཤས་ཀྱིས་རྒྱལ་ཁབ་གཞན་དག་ལ་གནོན་ཤུགས་ཡང་ཡང་སྤྲད་དེ། རྒྱལ་ཁབ་གཞན་གྱི་5Gདྲ་རྒྱའི་འཛུགས་སྐྲུན་མཉམ་ལས་ལ་བྱུང་རྒྱལ་དུ་སྐྱོན་འཛུགས་དང་། མངོན་སུམ་འཛེམ་མེད་ངང་རྒྱལ་ཁབ་གཞན་ལ་བཙན་ཤེད་ཀྱིས་ཨ་རིའི་བཀའ་ལ་ཉན་དུ་བཅུག་པ་དེ་ནི་དམར་དམར་རྗེན་རྗེན་གྱི་བཙན་དབང་བྱ་སྤྱོད་ཅིག་རེད།

 

   ཨ་རི་ཕྱོགས་ཀྱིས་དྲང་གཞག་དང་འདྲ་མཚུངས་ལག་བསྟར་བྱ་དགོས་ཚུལ་འར་བཤད་འོར་བཤད་བྱེད་ཀྱིན་ཡོད་མོད།  འོན་ཀྱང་དོན་དངོས་ཀྱི་ཐོག་ནས་མཐོང་ཐུབ་པ་ནི། རྒྱལ་ཁབ་གཞན་གྱི་ཁེ་ལས་ལ་སྟོབས་ཤུགས་རྒྱས་སྐབས། ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་རྣམས་ཀྱིས་ཁ་གཡར་ས་རྫུན་བཟོ་བྱས་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐབས་ངན་གང་ཡོད་སྤྱད་དེ་འགོག་གནོན་བྱེད་པ་དང་།  ཨ་རི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འུད་བསྟོད་བྱེད་བཞིན་པའི་ཚོང་རའི་དཔལ་འབྱོར་དང་འགྲན་རྩོད་དྲང་གཞག་གི་རྩ་དོན་དང་། རྒྱལ་སྤྱིའི་ཉོ་ཚོང་གི་སྒྲིག་སྲོལ་དང་འགལ་བ་དང་། ཐ་ན་ཨ་རིའི་འཛད་སྤྱོད་པ་དང་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བར་ཡང་འཛེམ་བག་བྱེད་ཀྱི་མེད། 

  

  མཐར་གཏུགས་ན། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་ཀྲུང་གོའི་ཁེ་ལས་ལ་འགོག་གནོན་ཚད་མེད་བྱེད་དོན་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་རྐྱེན་གྱིས་མིན་ལ། དམངས་གཙོ་དང་རང་དབང་། འདྲ་མཉམ་གྱི་ཆེད་དུའང་མིན། དེའི་རྒྱུ་རྐྱེན་ངོ་མ་ནི་དེ་དག་ཀྲུང་གོའི་ཁེ་ལས་ཡིན་པར་མ་ཟད།  ལས་རིགས་ནང་གི་སྔོན་བྱོན་པ་ཡང་ཡིན་པས་རེད། ཕིན་ཕེ་ཨའོ་ཡིས་ཧྭ་ཝེ་ཟུར་འབུད་བྱས་པ་ནི་“རྒྱལ་ཁབ་གཙང་མ་”ཟེར་བའི་གྲལ་དུ་ཞུགས་པ་དང་མཚུངས་ཞེས་བཤད་ཡོད། ཁོང་གིས་བཤད་པའི་“རྒྱལ་ཁབ་གཙང་མ་”ཞེས་པ་ནི་དོན་དངོས་ཐོག་“ཚད་གཞི་ཉིས་བརྩེགས་”ཀྱི་ཚབ་ཚིག་ཡིན།

 

   ང་ཚོས་རྒྱལ་ཁབ་ཁག་ཚང་མས་དྲང་སྙོམས་དང་། དྲང་གཞག སྒོ་འབྱེད། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྲུང་སྐྱོང་བྱེད་པར་འབད་བརྩོན་བྱ་རྒྱུ་དང་།  རིགས་རྒྱུད་མཐོང་ཆུང་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་ནང་བཞིན་འཛམ་གླིང་གི་ཚན་རྩལ་ཐོན་ལས་མཉམ་ལས་ཁྲོད་ཀྱི་རྒྱལ་ཁབ་མི་འདྲ་བར་མཐོང་ཆུང་བྱེད་པར་ཡང་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བདེ་ལྷ་མོ།

ཡིག་སྒྱུར། བྱམས་མཚོ། 

中央广播电视总台 央广网 版权所有

▶ཨ་རིས་ཀྲུང་གོའི་ཧྭ་ཝེ་འགོག་གནོན་གང་ཐུབ་བྱེད་དོན་ཅི་ཡིན་ནམ།

ཕྱི་འབྲེལ་པུའུ་ཡིས་ཟླ་7ཚེས་30ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཞིག་གིས་པར་ཙིར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་