ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཐེ་རོན་ཕུས་ཨ་རི་བ་ཚོར་ཁ་རས་གྱོན་དགོས་པའི་འབོད་སྐུལ་བྱས་པ།

2020-07-22 15:10:00     责编:卓玛才让

     ཟླ་7ཚེས་22ཉིན་མི་དམངས་ཉིན་རེའི་ཚགས་པར་ཁང་གི་པོད་ཕྲན་ཐོག་སྤེལ་བའི་གནས་ཚུལ། ཨ་རིའི་གཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་གཞི་གྲངས་ཀྱི་དུས་ཐོག་བསྡོམས་རྩིས་མ་ལག་ལ་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་7ཚེས་21ཉིན་གྱི་དགོང་མོའི་ཆུ་ཚོད་6པའི་བར་ཨ་རི་ཡོངས་སུ་ཁྱོན་བསྡོམས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་3884988དང་། ཚེ་འདས་ནད་པ་141426ཡོད་པ་དང་། འདས་ཟིན་པའི་ཆུ་ཚོད་24ཡི་རིང་ཨ་རིར་ནད་ངོ་ཆོད་པའི་ནད་པ་70525གསར་དུ་འཕར་ཡོད་པ་དང་ནད་པ་598རྐྱེན་ལམ་ཤོར་ཡོད་པ་རེད།

ཟླ་7ཚེས་17ཉིན་མི་རྣམས་ཀྱིས་རླངས་འཁོར་བཏང་ནས་ཨ་རིའི་ལུའོ་ཧྲན་ཅིའི་རླངས་འཁོར་ལས་འབབ་མི་དགོས་པར་ཏོག་གསར་གློ་ཚད་ཞིབ་དཔྱད་ཚད་ལེན་བྱེད་པའི་ས་ཚིགས་ཀྱི་ཕྱི་རོལ་དུ་གྲལ་བསྒྲིགས་ནས་སྒུག་པའི་རྣམ་པ།

     ཚེས་21ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཕོ་བྲང་དཀར་པོའི་རིམས་ནད་གནས་ཚུལ་ཐད་ཀྱི་གསར་འགྱུར་མདོར་བསྡུས་ཚོགས་འདུར་ཞུགས་པ་དང་། དེ་ནི་ཁོ་ཉེ་བའི་ཟླ་གསུམ་གྱི་རིང་ལ་ཐེངས་དང་བོར་གསར་འགྱུར་མདོར་བསྡུས་ཚོགས་འདུར་ཞུགས་པ་ཞིག་ཡིན། 《ཉིའུ་གཡོད་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོགས་འདུའི་ཐོག་ཐེ་རོན་ཕུས་གློ་བུར་དུ་ཁོའི་དུས་རྒྱུན་གྱི་ཏོག་གསར་ནད་དུག་ཐད་ཀྱི་གཏམ་གླེང་ལ་འགྱུར་བ་བཏང་ནས་ཨ་རི་བའི་གནས་ཚུལ་ལེགས་སུ་མ་ཕྱིན་གོང་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཐ་ཚིག་བསྒྲགས་ཡོད་པ་རེད། ཐེ་རོན་ཕུས་ད་དུང་ཨ་རི་བ་དང་ལྷག་པར་དུ་ན་གཞོན་ཚོར་ཁ་རས་རྒྱག་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ཨ་རིའི་ཙུང་ཐུང་གཞོན་པ་མའེ་ཁེ·ཕེང་སི་དང་ཕོ་བྲང་དཀར་པོས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་མཐུན་སྦྱོར་པ་ཏེ་པོ་ལ་·པོ་ཁེ་སི། ཨ་རིའི་རྒྱལ་ཁབ་ཚོར་ཐལ་ནད་དང་འགོས་ནད་ཞིབ་འཇུག་ཁང་གི་འགོ་འཛིན་ཨན་ཏུང་ཉི·ཕུའུ་ཆི་བཅས་ཉིན་དེའི་གསར་འགྱུར་མདོར་བསྡུས་ཚོགས་འདུར་ཞུགས་མེད་པ་རེད། ཕུའུ་ཆི་ཡིས་དེ་སྔོན་ཁོང་ཚོགས་འདུར་གདན་འདྲེན་ཞུས་མ་བྱུང་ཞེས་བཤད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཐེ་རོན་ཕུས་ཨ་རི་བ་ཚོར་ཁ་རས་གྱོན་དགོས་པའི་འབོད་སྐུལ་བྱས་པ།