ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་གཏོར་བཤིག་གཏོང་མཁན་སུ་ཡིན།

2020-06-30 10:47:00     责编:sangjzm
གཤམ་ལ་རྒྱལ་སྤྱིའི་དཔྱད་གཏམ་འགོ་བརྗོད་དུ་ངོ་གཉིས་མ་ཕེང་ཕེ་ཨའོ་ནི་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་གཏོར་བཤིག་གཏོང་མཁན་རེས་ཅེས་འཁོད་པ་དེ་ཞུ་རྒྱུ་ཡིན།
དཔྱད་གཏམ་ནང་། རྫུན་གཏམ་ཁོ་ན་བརྗོད་མཁན་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཉེ་དུས་གློ་བུར་དུ་གང་ཡིན་འདི་ཡིན་མེད་པའི་གཡོ་ཚུལ་གནས་སུ་ལྷུངས་ཡོད།  ཁོས་ གཏམ་འཆལ་ཆེ་སྤེལ་བྱས་ནས་ཀྲུང་གོས་ཨ་ཧྥི་རི་ཁར་རོགས་སྐྱོར་བྱེད་པ་ནི་ཁ་བཤད་ལག་བསྟར་མ་ཐུབ་པའི་དམ་བཅའ་རེད་ཅེས་ཞེས་དམའ་འབེབས་བཏང་ཡོད་པ་དང་། ཀྲུང་གོ་དང་ཨ་ཧྥི་རི་ཁས་མཐུན་སྒྲིལ་བྱས་ནས་རིམས་ནད་འགོག་པའི་དམིགས་བསལ་དབུ་ཚོགས་གྱི་གྲུབ་འབྲས་ལ་ངན་སྨྲས་བྱས་ཡོད་ཅེས་འཁོད་ཡོད་པ་རེད།
དཔྱད་གཏམ་ནང་།  ཨ་རི་དང་འཛམ་གླིང་ཧྲིལ་པོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བའི་ནད་པ་མང་དུ་འགྲོ་བའི་ཉེན་ཁའི་སྐབས་སུ། ཕེང་ཕེ་ཨའོ་ཡིས་སེམས་ནུས་རིམས་ནད་འགོག་རྒོལ་བྱེད་རྒྱུའི་ཐད་བཞག་མེད་པར། མུ་མཐུད་ཐ་ཤལ་གྱི་བྱ་སྤྱོད་སྤེལ་བ་དང་གང་སར་འཁྲུག་རྐྱེན་སློང་བ། ཟམ་མི་ཆད་པར་དཀྲོག་གཏམ་བཟོས་ནས་གཏོར་བཤིག་གཏོང་གི་ཡོད་ཅིང་ཁོ་ནི་འཛམ་གླིང་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་གཏོར་བཤིག་གཏོང་མཁན་འཕྲུལ་མེད་ཅིག་རེད་ཅེས་འཁོད་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།  
ཡིག་སྒྱུར།  བསྟན་འཛིན་དབང་རྒྱལ། 

中央广播电视总台 央广网 版权所有

རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་གཏོར་བཤིག་གཏོང་མཁན་སུ་ཡིན།

དཔྱད་གཏམ་ནང་། རྫུན་གཏམ་ཁོ་ན་བརྗོད་མཁན་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཉེ་དུས་གློ་བུར་དུ་གང་ཡིན་འདི་ཡིན་མེད་པའི་གཡོ་ཚུལ་གནས་སུ་ལྷུངས་ཡོད། ཁོས་ གཏམ་འཆལ་ཆེ་སྤེལ་བྱས་ནས་ཀྲུང་གོས་ཨ་ཧྥི་རི་ཁར་རོགས་སྐྱོར་བྱེད་པ་ནི་ཁ་བཤད་ལག་བསྟར་མ་ཐུབ་པའི་དམ་བཅའ་རེད་ཅེས་ཞེས་དམའ་འབེབས་བཏ