ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་སྨན་ཁང་འདིས་ནད་དུག་གི་བརྟག་དཔྱད་མཇུག་འབྲས་རྫུན་བཟོ་བྱས་པ།

2020-06-23 16:16:00     责编:卓玛才让

    ཨ་རིའི་ཡུའེ་ཧན་སི་·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། པེ་ཅིང་གི་དུས་ཚོད་སྤྱི་ཚེས་22ཉིན་གྱི་ཆུ་ཚོད་5པའི་བར་དུ་ཨ་རིའི་ཏོག་གསར་ནད་དུག་ཕོག་པའི་ནད་ངོ་ཆོད་པའི་ནད་པ་ཁྲི་227ལས་བརྒལ་བ་དང་། ཚེ་འདས་ནད་པ་ཁྲི་11.9ལས་བརྒལ་ཡོད། ནད་ངོ་ཆོད་པའི་ནད་པའི་ཁ་གྲངས་དང་དང་ཤི་ཚད་གཉིས་ཀ་འཛམ་གླིང་གི་ཨང་དང་པོ་ཡིན་འདུག

     འོན་ཀྱང་། འདི་འདྲའི་འཇིགས་སུ་རུང་བའི་གཞི་གྲངས་ལའང་རྫུན་བཟོ་བྱས་པའི་བྱ་སྤྱོད་འདུག་པ།

     ཉེ་ཆར། ཨ་རིའི་ཙུའོ་ཀྲེ་ཡ་མངའ་སྡེའི་ཨ་སེན་སི་གྲོང་ཁྱེར་གྱི་སྨན་ཁང་ཞིག་གིས་ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མཇུག་འབྲས་རྫུན་བཟོ་བྱས་པའི་གནས་ཚུལ་ཐོན་ཡོད། ཁོང་ཚོས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གདགས་གཤིས་ཡིན་པའི་ནད་པ་ལ་སྲིབ་གཤིས་ཀྱི་སྙན་ཞུ་ཕུལ་ཡོད་པ་རེད།

 

     ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ད་བར་དུ་ཨ་རིའི་ཞིབ་དཔྱད་ཚད་ལེན་གྱི་ནུས་པར་བློ་ཡིད་ཚིམ་ནས་བསྡད་ཡོད། འོན་ཀྱང་ཐེངས་འདིའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མཇུག་འབྲས་རྫུན་བཟོ་བྱས་པའི་གནས་ཚུལ་ཕྱིར་ཐོན་པས་གླེང་ཕྱོགས་ཀུན་ནས་ཚ་ཚ་འུར་འུར་དུ་སྒྲོག་པ་དང་། དེ་ཙམ་མ་ཟད་རིམས་ནད་འགོག་པར་སྟོབས་ཤུགས་ཀྱིས་མི་འདང་བ་གཡོ་འགེབས་བྱེད་ཆེད་ཡང་བསྐྱར་གསལ་བསྒྲགས་སྤེལ་ཏེ“ཏོག་གསར་གློ་ཚད་ལ་ཞིབ་དཔྱད་བྱས་པའི་གྲངས་ཀ་ཇི་ཙམ་མང་ན་གཏན་འཁེལ་གྱི་ནད་པ་དེ་ཙམ་གྱིས་ཇེ་མང་དུ་འགྲོ་སྲིད། དེ་བས་ཞིབ་དཔྱད་ཀྱི་མྱུར་ཚད་ཇེ་དལ་དུ་གཏོང་དགོས། ཚད་འཇལ་བྱས་པ་ཇི་ལྟར་ཉུང་ན་ནད་པ་དེ་ལྟར་ཉུང་”ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

དབྱིན་ཇིའི་ལོན་ཏོན་དུ་མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་སྒོའི་ནང་ཞུགས་ནས་ཨ་རིའི་རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ་བྱས་པ།

དབྱིན་ཇིའི་ལོན་ཏོན་དུ་རྔམ་སྟོན་བྱེད་སྒོ་ཆེ་གྲས་སྤེལ་ཏེ། ཨ་རིར་ཨ་ཧྥེ་རི་ཁའི་རིགས་རྒྱུད་ཀྱི་མི་ཚོགས་ལ་རིགས་རྒྱུད་མཐོང་ཆུང་གི་བྱ་སྤྱོད་ཐོན་པར་དམིགས་ནས། ཟླ་5ཚེས་25ཉིན། ཨ་རིའི་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་གྱི་ཉེན་རྟོག་པས་ཨ་ཧྥེ་རི་ཁའི་རིགས་རྒྱུད་ཀྱི་སྐྱེས་པ་ཧྥོ་ལོ་དབྱི་ཏེ་འཛིན་བཟུང་བྱེད་སྐབས་པུས་མོས་དུས་ཡུན་རིང་པོ་སྐེ་གཙིར་པས་ཧྥོ་ལོ་དབྱི་ཏེ་འཆི་བ་རེད། གྱོད་དོན་དེ་དང་འབྲེལ་བའི་ཉེན་རྟོག་པ་བཞི་པོར་མི་བསད་པའི་ཉེས་

中央广播电视总台 央广网 版权所有

ཨ་རིའི་སྨན་ཁང་འདིས་ནད་དུག་གི་བརྟག་དཔྱད་མཇུག་འབྲས་རྫུན་བཟོ་བྱས་པ།