ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

མཚོ་སྔོན་གྱི་པར་ལེན་པའི་བརྩམས་ཆོས་ལ་བྱ་དགའ་ཐོབ་འདུག

2020-10-13 09:39:00     责编:卓玛才让

 ཤི་གསོན་གྱི་འཐབ་འཛིང་། 

  2019ལོའི་BBCརི་སྐྱེས་སྲོག་ཆགས་པར་ལེན་འགྲན་སྡུར་གྱི་ལོ་འཁོར་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས། 

ཟླ8པའི་ཚེས9ཉིན།《ཀྲུང་གོའི་རྒྱལ་ཁབ་ས་ཁམས》ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་རི་སྐྱེས་སྐྱེ་དངོས་པར་ལེན་འགྲན་བསྡུར་མཇུག་སྒྲིལ་ཞིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་མཐུན་ཚོགས་སྣོད་བཅུད་སྲུང་སྐྱོང་གན་རྒྱ་འཇོག་མཁན་ལི་ཧྲན་ཡོན། སྐལ་བཟང་ཚེ་རིང་། ཅའོ་ཧྲེང་ཧྥུའུ། སྟག་ལོ། གཞན་མཚོ་སྔོན་གྱི་པར་ལེན་མཁན་འགར་བྱ་དགའ་ཐོབ་ཡོད། ཁོང་ཚོའི་བརྩམས་ཆོས་ལས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། མིའི་རིགས་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་ཀྱི་ཉམས་འགྱུར་གང་ལེགས་ཀྱིས་མངོན་ཡོད། 

དྲ་ཐོག་བྱ་དགའ་གནང་སྤྲོད་ཚོགས་འདུའི་མདོ་འཛིན་པའམ་ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ། རྒྱལ་སྤྱིའི་རི་སྐྱེས་སྐྱེ་དངོས་པར་ལེན་མཁན་ཞུའུ་ཅན་ལགས།

འོ་འཐུང་སྲོག་ཆགས་ཚོ་ཆུང་གི་བྱ་དགའ་ཨང་གཉིས་པ། 

    སྐབས་འདིའི་འགྲན་བསྡུར་ཁྲོད་ལི་ཧྲན་ཡོན་གྱིས་བླངས་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གཡི་སེར་ལ་འོ་འཐུང་སྲོག་ཆགས་ཚོ་ཆུང་གི་བྱ་དགའ་ཨང་གཉིས་པ་ཐོབ།

  དེ་སྔོན་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་དུ་ལས་ཀ་ལས་མྱོང་བའི་པར་ལེན་མཁན་ལི་ཧྲན་ཡོན་གྱིས་དུས་ཡུན་རིང་པོའི་ནང་རྗེས་འདེད་ལྟ་ཞིབ་བྱས་པ་བརྒྱུད་ལོ་རེའི་ཟླ་བརྒྱད་པ་དང་དགུ་པར་གཡི་སེར་ཕྱི་རོལ་དུ་ལྟོ་འཚོལ་བར་འགྲོ་བ་ཤེས་ནས། ཡུན་རིང་པོས་བརྟག་དཔྱད་དང་ལྟ་སྲུང་བྱས་མཐར་ལི་ཧྲན་ཡོན་གྱིས་གཡི་སེར་ཨ་མས་ཕྲུ་གུ་གསུམ་ཁྲིད་ནས་ཨ་བྲ་འཛིན་པར་སོང་ལ། གློ་བུར་དུ་གཡི་སེར་ཨ་མས་མདུན་ཕྱོགས་ཀྱི་རི་ངོས་སུ་སྦྲེ་ཞིག་ཡོད་པ་མཐོང་ནས་འཕྲལ་མར་ཕྲུ་གུར་ཉེན་བརྡ་བཏང་བ་དང་ཕྲུ་གུ་རྣམས་མགྱོགས་མྱུར་ངང་དོང་ཁུང་ཕྱོགས་སུ་བརྒྱུགས། ལི་ཧྲན་ཡོན་གྱིས་ངོ་མཚར་ཆེ་བའི་སྐད་ཅིག་མ་དེ་པར་དུ་བླངས། 

   གཡི་སེར་ནི་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་རྩྭ་ཐང་དུ་གནས་ལ། དེ་སྔ་ཀྲུང་གོ་དང་སོག་པོ། ཨུ་རུ་སུ། རྒྱ་གར། ཕ་ཁི་སི་ཐན། ཁེར་གྷི་སི་ཐན། ཨ་ཧྥུ་ཧན། དབྱི་རན་སོགས་རྒྱལ་ཁབ་ཏུ་ཁྱབ་ཡོད། འཚོ་གནས་ཁོར་ཡུག་ཇེ་སྡུག་ཏུ་སོང་བས་གཡི་སེར་ཇེ་ཉུང་དུ་སོང་ཡོད། ཉེ་བའི་ལོ་འགའི་རིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་གསའ་དང་། གཡི་དཀར།གཡི་སེར།  གཟིག་བྱི། རི་བྱི་སོགས་བྱི་ལ་ཚན་གྱི་སྲོག་ཆགས་རྩ་ཆེན་རིགས5ལ་ལྟ་ཞིབ་ཚད་ལེན་ཐུབ་ཡོད་པས་ས་ཁོངས་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཡོད།  

འོ་འཐུང་སྲོག་ཆགས་ཚོ་ཆུང་གི་ཕུལ་བྱུང་བྱ་དགའ། 

ཐེངས་འདིའི་འགྲན་སྡུར་ཁྲོད་སྟག་ལོས་བླངས་པའི་སྦྲེ་ལ་འོ་འཐུང་སྲོག་ཆགས་ཚོ་ཆུང་གི་ཕུལ་བྱུང་བྱ་དགའ་ཐོབ། 

ཐེངས་འདིའི་འགྲན་སྡུར་ཁྲོད་ཅའོ་ཧྲེང་ཧྥུའུ་ཡི་བླངས་པའི་རྐྱང་གི་པར་ལ་ཀྲུང་གོ་རྒྱལ་ཁབ་སྤྱི་གླིང་དམིགས་གསལ་བྱ་དགའ་དང་ཕུལ་བྱུང་བྱ་དགའ་ཐོབ། 

   ཨ་ཆེན་གངས་རྒྱབ་ས་ཁུལ་དུ་སྲུང་སྐྱོབ་བྱེད་ཤུགས་ཆེ་བས་ག་ས་གང་དུ་རི་སྐྱེས་སྲོག་ཆགས་མང་པོ་ཁྱུ་དང་ཁྱུ་བྱས་ནས་འགྲོ་བ་མཐོང་ལ། ས་སྲོས་ཀྱི་དུས་སུ་རྐྱང་རྒོད་ཁྱུ་ཞིག་ཁུན་ཌི་ཁུ་ཁུའི་རི་འདབས་སུ་རྒྱུགས་འདུར་བྱེད་ཀྱིན་ཡོད། 

ཀུན་གྱི་མཐོང་དཀོན་པའི་རི་བྱི། 

ཀྲུང་གོའི་རྩ་ཆེའི་སྟོང་ཉེར་སྲོག་ཆགས་ཀྱི་ཕུལ་བྱུང་བྱ་དགའ། 

    ཐེངས་འདིའི་འགྲན་སྡུར་ཁྲོད། སྐལ་བཟང་ཚེ་རིང་གིས་བླངས་པའི་རི་བྱིའི་པར་ལ་ཀྲུང་གོའི་རྩ་ཆེའི་སྟོང་ཉེར་སྲོག་ཆགས་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། 2018ལོའི་ཟླ10པར་མཚོ་སྔོན་ཞིང་ཆེན་ཧེ་ཡན་རྫོང་མཚོ་སྔོན་པོ་ཤང་དུ་བླངས། 

  ཀྲུང་གོའི་རྩ་ཆེའི་སྟོང་ཉེར་སྲོག་ཆགས་རིགས་ཀྱི་ཕུལ་བྱུང་བྱ་དགའ་དེ་རྩ་ཆེ་ཞིང་སྟོང་ལ་ཉེ་བའི་སྐྱེ་དངོས་རིགས་ཀྱི་པར་ལ་གནང་བ་ཡིན་ལ། དེས་སྐྱེ་དངོས་རིགས་ཤིག་གི་གཞན་གྱི་མི་རྟོགས་པའི་ངོས་དེ་སྟོན་གྱིན་ཡོད། ༼ ཡིག་སྒྱུར། རིག་འཛིན་ལྷ་མོ། ༽

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྐར་ཁུངས།

སྤྱི་ལོ་2020ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཁོང་ལ་ཐོབ་འདུག

སྤྱི་ལོ་1901ལོར་སྐབས་དང་པོའི་ནོ་པེར་རྩོམ་རིག་བྱ་དགའ་ཧྥ་རན་སིའི་རྩོམ་པ་པོ་སུའུ་ལི·ཧྥུ་ལུ་ཏོ་མོར་སྤྲད་པ་ནས། ད་ཕན་ལོ་120ཙམ་འདས་ཡོད།

中央广播电视总台 央广网 版权所有

མཚོ་སྔོན་གྱི་པར་ལེན་པའི་བརྩམས་ཆོས་ལ་བྱ་དགའ་ཐོབ་འདུག

《ཀྲུང་གོའི་རྒྱལ་ཁབ་ས་ཁམས》ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་རི་སྐྱེས་སྐྱེ་དངོས་པར་ལེན་འགྲན་བསྡུར་མཇུག་སྒྲིལ་ཞིང་།