ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

ལི་ཐང་རྫོང་དགེ་བསྙེན་གནས་རིར་ཤྭ་བ་མཆུ་དཀར་མང་པོ་མཐོང་བ།

2020-09-08 16:03:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྟོང་མཚོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ། དགེ་བསྙེན་གནས་རི་མཛེས་ལྗོངས་ཁུལ་དུ་ཐེངས་དང་པོར་ཤྭ་བ་མཆུ་དཀར་མང་པོ་ཞིག་འགྲོ་རྒྱུག་བྱེད་བཞིན་པ་མཐོང་ཡོད།

ཟླ་9ཚེས་2ཉིན། སི་ཁྲོན་ཞིང་ཆེན་སྟོང་མཚོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་མི་སྣས་དཀར་མཛེས་ཁུལ་དགེ་བསྙེན་གནས་རི་མཛེས་ལྗོངས་ཁུལ་དུ་རྒྱུན་ལྡན་གྱི་དོ་དམ་སྐོར་ཞིབ་བྱེད་དུས། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤྭ་བ་མཆུ་དཀར་ཁྱུ་གཅིག་དང་འཕྲད་པ་རེད།

ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཤྭ་བ་མཆུ་དཀར་དང་བར་ཐག་ཕལ་ཆེར་སྨི་བརྒྱ་ལ་ཉེ་བ་ཙམ་ནས་བལྟས་པ་ལས། ཤྭ་བ་མཆུ་དཀར་60ཡས་མས་ཡོད་པ་དང་། སྐབས་དེར་ཤྭ་བ་མཆུ་དཀར་ཁྱུ་དེས་སོས་དལ་ངང་ཟས་འཚོལ་བ་ལས། འགྲོ་ཞོར་འདུག་ཞོར་བྱེད་བཞིན་འདུག ལས་སྒྲུབ་མི་སྣ་མཐོང་དུས་སུ། དངངས་སྐྲག་མ་ལངས་པར་རང་སར་འགྱིང་ངེར་ལངས་ནས་མི་དང་རྒྱང་རིང་ཙམ་ནས་སྐར་མ་ལྔ་ཙམ་བལྟས་རྗེས་གཞི་ནས་ཁ་བྲལ་ཏེ་སོང་།
ཤྭ་བ་མཆུ་དཀར་ནི་མཐོ་གྲང་ཁུལ་གྱི་སྲོག་ཆགས་དཔེ་མཚོན་ཅན་ཞིག་ཡིན་ལ། གཟུགས་ནི་རྟ་དང་འདྲ་བོ་ཡོད། གཟུགས་པོའི་རིང་ཚད་ལ་སྨི་2ཙམ་དང་ལྗིད་ཚད་ལ་ཕལ་ཆེར་སྟོང་ཁེ་250ཙམ་ཡོད། ཧ་ཅང་དཀོན་ལ་རྩ་ཆེ་བའི་སྲོག་ཆགས་ཤིག་རེད། ཤྭ་བའི་རྭ་ཅོའི་རིང་ཚད་ལ་སྨི་1ཡོད་ཅིང་། རྭ་ལ་བཞི་ལག་ནས་དྲུག་ལག་ཅན་མ་འདྲ་བའི་རིགས་དག་ཡོད། ཡུ་མོ་ལ་རྭ་ཅོ་མེད། ལུས་ཧྲིལ་པོར་ཁམ་སེར་དང་འཕོངས་ཤ་སྨུག་པོར་གྱུར་པ། རྒྱབ་ཐིག་ནག་པོ་དང་ཐིག་ལེ་དཀར་པོ་མེད་ཅིང་། སྤུ་རྩུབ་པོ་ཞིག་ཡོད། འཚོ་གནས་བྱ་ཡུལ་གྱི་ས་བབ་མཐོ་ཚད་སྨི་3000ནས་5000བར་ཡིན་པ་དང་། མཐོ་གྲང་གི་གནམ་གཤིས་དང་འཚམ་ཞིང་། མཚོ་བོད་ས་མཐོར་གནས་པའི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲས་ཤིག་རེད། དེ་དག་ནི་ནགས་ཁྲོད་ཀྱི་ས་སྟོང་དང་ནགས་ཁྲོད་མཐའ་ཕྱོགས་སུ་གནས་པར་དགའ་ཞིང་། བྲག་རི་གཡང་གཟར་ལ་འཛེག་ཐུབ་པ་དང་། ཆུ་རྐྱལ་བྱེད་མཁས་པ། ཆུ་བཞུར་མགྱོགས་ཤིང་དྲག་ཏུ་རྒྱུག་པའི་ཆུ་ངོས་ལས་བརྒལ་ཐུབ། ཤྭ་བ་མཆུ་དཀར་གྱི་ཁྱབ་ཁུལ་དང་ཁྱུ་ཚོགས་མགྱོགས་མྱུར་ངང་ཉུང་དུ་ཕྱིན་པས་ཤྭ་བ་མཆུ་དཀར་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་མིང་གཞུང་ནང་བཅུག་ནས་སྲུང་སྐྱོང་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དགེ་བསྙེན་དུ་མཐོང་བའི་ཤྭ་བ་ཁྱུ་ནི་ཐེངས་དང་པོ་མིན་མོད། འོན་ཀྱང་གཞི་ཁྱོན་ཆེ་བའི་ཤྭ་བ་མཆུ་དཀར་ཁྱུ་གཅིག་ནི་མཐོང་ཐེངས་དང་པོ་རེད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་སྟོང་མཚོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཨུ་ལྷན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་བ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་དང་སྐྱེ་འཕེལ་ལ་སྣོད་བཅུད་ཁོར་ཡུག་དང་བར་སྟོང་བཟང་པོ་ཟམ་མི་ཆད་པར་བཏོད་ནས་རྩ་ཆེའི་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་རང་བཞིན་གྱི་འཕར་བཞིན་ཡོད། ཤྭ་བ་མཆུ་དཀར་དང་འཕྲད་པ་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་འགྱུར་བཞིན་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ལི་ཐང་རྫོང་དགེ་བསྙེན་གནས་རིར་ཤྭ་བ་མཆུ་དཀར་མང་པོ་མཐོང་བ།

ཟླ་9ཚེས་6ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྟོང་མཚོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ། དགེ་བསྙེན་གནས་རི་མཛེས་ལྗོངས་ཁུལ་དུ་ཐེངས་དང་པོར་ཤྭ་བ་མཆུ་དཀར་མང་པོ་ཞིག་འགྲོ་རྒྱུག་བྱེད་བཞིན་པ་མཐོང་ཡོད།