ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

གནའ་རྫས་ལ་དགའ་ན་དཀར་མཛེས་རྫོང་དུ་ཕེབས་དང་། ལྟད་མོ་ཆེན་པོ་འདུག

2020-08-20 10:37:00     责编:卓玛才让

   སྤྱི་ཟླ8པའི་ཚེས16ཉིན་ལ། དུས་ཡུན་ཉིན4ཡིན་པའི་དཀར་མཛེས་རྫོང་གི་དམངས་ཁྲོད་གནའ་རྫས་འགྲེམས་འཚོང་འདུ་ཚོགས་དེ་དཀར་མཛེས་གེ་སར་མཁར་གྲོང་དུ་འཚོག་མགོ་ཚུགས་པ་རེད། རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་ཚོང་ཁང300ལྷག་དང་གནའ་རྫས་ཚོང་པ་སྟོང་ལྷག་གཅིག་ཏུ་འཛོམས་ནས་སོ་སོས་ཉར་ཚགས་བྱས་པའི་རིན་པོ་ཆེའི་རིགས་དང་། འཚོ་བའི་སྤྱོད་ཆས་རིགས། རྒྱན་ཆས་ཀྱི་རིགས། ལག་བཟོའི་ཐོན་རྫས་ཀྱི་རིགས་སོགས་ཀྱི་གནའ་རྫས་འགྲེམས་འཚོང་བྱས་པ་རེད།

  

གནའ་རྫས་འགྲེམས་འཚོང་འདུ་ཚོགས་བསྡུས་པའི་དམིགས་ཡུལ་ནི་ས་གནས་དེ་གའི་གནའ་རྫས་ཉར་ཚགས་བྱེད་མཁན་དང་གནའ་རྫས་ལ་དགའ་བའི་གྲོགས་པོ་ཡོངས་ལ་འགྲེམས་སྟོན་དང་སྤེལ་རེས་ཀྱི་གཞི་སྟེགས་ཤིག་བསྐྲུན་པ་དང་ཆབས་ཅིག དཀར་མཛེས་རྫོང་གི་ལོ་རྒྱུས་རིག་གནས་དང་དམངས་སྲོལ་རིག་གནས། ཡུལ་སྲོལ་གོམས་གཤིས་བཅས་འོས་སྦྱོར་དང་དྲིལ་བསྒྲགས་བྱས་ཏེ་དཀར་མཛེས་རྫོང་གི་སྐད་གྲགས་ཁྱབ་ཚད་ཆེ་རུ་བཏང་ཐུབ་པ་རེད་ཅེས་བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱི་འགན་ཁུར་མི་སྣས་དེ་ལྟར་བཤད།

ཡོང་ཁུངས། དཀར་མཛེས་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས།

中央广播电视总台 央广网 版权所有

གནའ་རྫས་ལ་དགའ་ན་དཀར་མཛེས་རྫོང་དུ་ཕེབས་དང་། ལྟད་མོ་ཆེན་པོ་འདུག