ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

མཚོ་སྔོན་ཚྭ་མཚོའི་ཡུལ་སྐོར་ཡོངས་སུ་སླར་གསོ་བྱུང་བ།

2020-08-18 09:56:00     责编:卓玛才让

མེ་འཁོར་ཆུང་ཆུང་བསྡད་དེ་ལྟ་སྐོར་བྱེད་པ།

ཡུལ་སྐོར་པ་ཞིག་གིས་པར་ལེན་བཞིན་པའི་ཚུལ།

སྲོལ་རྒྱུན་རྒྱན་གོས་གྱོན་པའི་ཡུལ་སྐོར་པ་གཉིས་ཀྱིས་པར་ལེན་བཞིན་ཡོད་པ།

ཚྭ་མཚོའི་མཛེས་ལྗོངས།

ཟླ8པའི་ཚུན་མཚོ་སྔོན་དུ་ལོ་གཅིག་གི་ཡུལ་སྐོར་བ་ཤིན་ཏུ་མང་བའི་དུས་སུ་སླེབས་ཤིང་། “ནམ་མཁའི་མེ་ལོང”ཞེས་པའི་མཚན་སྙན་ཡོད་པའི་ཚྭ་མཚོའི་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཟླ8པའི་ཚེས15བར་ཚྭ་མཚོའི་མཛེས་ལྗོངས་ཁུལ་གྱིས་ཉིན་བརྒྱད་ལ་བསྟུད་མར་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་མི་ཐེངས་ཁྲི2ལས་བརྒལ་ཞིང་། གྲངས་གཞི་དེ་ན་ནིང་གི་དུས་མཉམ་ལས་བཅུ་ཆའི་ལྔ་ཡས་མས་ལས་ཟིན་མེད་རུང་། གཞི་གྲངས་ཆེན་པོ་ལས་དབྱེ་ཞིབ་བྱས་པ་བཞིན་ཞིང་ཆེན་བརྒལ་ནས་ཡུལ་སྐོར་བྱེད་པ་སླར་གསོ་བྱས་རྗེས། ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་བའི་བསྡུར་ཚད་མཐོ་རུ་ཕྱིན་པ་མ་ཟད་ཡར་འཕར་ཚད་ཀྱང་མཐོ་བ་རེད།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་གཞི་གྲངས་ནང་མངོན་པ་བཞིན། ཟླ་དང་པོ་ནས་བདུན་པའི་བར་མཚོ་སྔོན་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་དུས་མཉམ་ལས་43.9%མར་བབས་རུང་། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་ཁང(ས་ཚིགས)དང་། དཔེ་མཛོད་ཁང་། དངོས་མང་བཤམས་སྟོན་ཁང་། ཡུལ་སྐོར་སྐར་རིམ་མགྲོན་ཁང་། ཡུལ་སྐོར་ལས་དོན་ཁང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཀྱི་ལས་འགོ་བསྐྱར་ཚུགས་བྱེད་ཚད100%སླེབས་པས། རིག་གནས་ཡུལ་སྐོར་ཁྲོམ་རར་སྔོན་འགོག་ཚོད་འཛིན་ནུས་ལྡན་དང་། ལག་བསྟར་དོན་འཁྱོལ། སླར་གསོ་ཐུབ་པ། བདེ་འཇགས་གོ་རིམ་ལྡན་པ། ཡ་རབས་གུས་ལྡན་བཅས་ཀྱི་རྣམ་པ་ཤར་ཡོད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

中央广播电视总台 央广网 版权所有

མཚོ་སྔོན་ཚྭ་མཚོའི་ཡུལ་སྐོར་ཡོངས་སུ་སླར་གསོ་བྱུང་བ།