ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

མཐོ་སྒང་གི་སྲོག་ཆགས་གནའ།

2020-08-18 09:52:00     责编:卓玛才让

    ཟླ8པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཤང་དུ་པར་ལེན་མཁན་གྱིས་སྲོག་ཆགས་གནའ་བ་སྐོར་ཞིག་བྲག་ངོས་སུ་རྩེད་འཇོར་རོལ་བའི་པར་རྩ་ཆེན་འགའ་བླངས་པ་རེད།

  གནའ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཡིན་ལ། དེ་དག་ནམ་རྒྱུན་ས་བབ་མཐོ་ཚད་སྨི2000ནས3000བར་གྱི་རི་མཐོའི་བྲག་ངོས་དང་། ས་མཐོའི་སྤང་ལྗོངས། རི་གཟར་གྲོག་རོང་བཅས་སུ་འཚོ་སྡོད་བྱེད་པ་ཞིག་ཡིན་ཞིང་། བྲག་ལ་འཛེག་མཁན་དང་རི་མཐོའི་གཡང་གཟར་སྟེང་རང་དགར་ལྡིང་མཆོང་ཐུབ་པ་མ་ཟད། དོགས་ཟོན་གྱི་འདུ་ཤེས་མཐོ་ལ་ཉེ་སར་བཅར་དཀའ་བས“བྲག་ངོས་ཀྱི་སྲོག་ཆགས”ཞེས་འབོད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

中央广播电视总台 央广网 版权所有

མཐོ་སྒང་གི་སྲོག་ཆགས་གནའ།