ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་སྟོན།

2020-06-24 17:37:00     责编:sangjzm
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་སྟོན་བྱ་ཡུལ་ཡིན་པ། 
     མི་དམངས་དྲ་བའི་འཕྲིན། “གལ་ཏེ་ནོར་ནག་ལ་དེ་འདྲའི་རྒྱུས་མངའ་ཡོད་པ་ཞིག་མིན་པ་དང་། གལ་ཏེ་ནོར་ནག་ལ་དེ་འདྲའི་དགའ་པོ་ཡོད་པ་མིན་པ། གལ་ཏེ་ནོར་ནག་ལ་དེ་འདྲའི་དྲིན་ཚོར་བྱེད་པ་མིན་པ། གལ་ཏེ་ནོར་ནག་ལ་དེ་འདྲའི་དད་པ་ཡོད་པ་མིན་ན། དེ་འདྲའི་སྤོབས་པ་ལྡན་པའི་ཁ་དོག་དང་། དེ་འདྲའི་ཁྱད་འཕགས་ཀྱི་བསམ་ཚུལ། དེ་འདྲའི་འུད་བརྗོད་ཀྱི་སྟངས་སྟབས། དེ་འདྲའི་ཕུན་སུམ་ཚོགས་པའི་རྣམ་པ་བཅས་ཀྱི་ཐོག་ནས་ངོ་མཚར་ཆེ་བའི་སྒྱུ་རྩལ་གྲུབ་འབྲས་ཤིག་གང་ལྟར་ཡོང་།”
     འདི་ནི་བོད་ལྗོངས་ནོར་ནག་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཝུའུ་ཡུས་ཁྲུའུ་ཡིས་ཟླ་6ཚེས་21ཉིན་བོད་ལྗོངས་ནོར་ནག་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བའི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”ཅེས་པའི་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་ལ་ངོ་མཚར་ཆེ་ཤོས་དང་མདོར་བསྡུས་ཤོས་ཀྱི་གཏམ་ཡིན། འགྲེམས་དངོས་དེ་ཚོ་ནི་གསོག་ཉར་དངོས་རྫས་400ལྷག་ཙམ་ཁྲོད་ནས་ལེགས་འདེམས་ཞིབ་ཚགས་བྱས་ནས། མཐར་བོད་ཀྱི་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག་100ལྷག་ཙམ་གཏན་འཁེལ་བྱས་པས་དེང་རབས་སྒྱུ་རྩལ་མཁས་པའི་མཐོང་རྒྱ་ཆེ་རུ་བཏང་པ་དང་། ལྟད་མོ་བ་དག་གི་མིག་གིས་ལོངས་སུ་སྤྱོད་ཡུལ་དུ་གྱུར་བ་རེད། 
     ཞང་ཞུང་རིག་གནས་ནི་བོད་བཙན་པོ་དུས་སྐབས་སྔོན་གྱི་བོད་ལྗོངས་རང་སའི་ཐོག་མའི་དུས་ཀྱི་རིག་གནས་ཡིན་ཞིང་། བོད་ལྗོངས་ཀྱི་རིག་གནས་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་ལྡན་པ་མ་ཟད། མཚོ་བོད་ས་མཐོར་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་བཟོས་མྱོང་ཡོད། ཞང་ཞུང་རིག་གནས་དང་སྒྱུ་རྩལ་ཁྲོད་ནོར་ནག་ནི་ཐུན་མོང་མ་ཡིན་པའི་བརྗོད་གཞི་ཞིག་རེད། བཤད་རྒྱུན་ལྟར་ན། ཀུ་བྱི་མང་ཀེ་འོད་ཞིག་ཏུ་སྤྲུལ་ནས་གངས་རིའི་རྩེ་ལ་བབས་ནས་སྲིད་པའི་དབལ་འབྲོང་ཆེན་མོ་སྲིད། 
     དེའི་རྗེས་སུ་ནོར་ནག་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་དང་སྣང་བརྙན་ཞང་ཞུང་སྒྱུ་རྩལ་ཁྲོད་དུ་ཡང་ཡང་བྱུང་ནས་མཚོན་རྟགས་ཤིག་དང་། རྟགས་མཚན་ཞིག གདོད་མའི་མཚོན་ཆོས་ཤིག་ཏུ་གྱུར་ལ། བོད་རིགས་དང་འབྲལ་ཐབས་མེད་པའི་འབྲེལ་བ་མཚོན་ཡོད། གནའ་ཉམས་དོད་པའི་བྲག་རིས་ནས་ངོ་མཚར་ཆེ་བའི་ཐོག་ལྕག་དང་། དགོན་པའི་ལྡེབས་རིས་ནས་དམངས་ཁྲོད་ཀྱི་རི་མོ་རྒྱན་ཆ། ཞང་བོད་ཀྱི་སྒྱུ་རྩལ་བཅས་ཀྱི་ཁྲོད་དུ་ནོར་ནག་ལ་ནང་དོན་ཕུན་སུམ་ཚོགས་པོ་ལྡན། རྨད་དུ་བྱུང་བའི་བསམ་པའི་བཀོད་ཤུགས་དང་ཚོན་མདངས་རྣམ་པར་བཀྲ་བའི་སྨྱུག་རྩལ་ལ་བརྟེན་ནས། རྣམ་པ་སྣ་མང་གི་གཟུགས་བརྙན་མཚོན་པར་བྱས་ལ། སྒྱུ་རྩལ་མྱོང་རོལ་གྱི་སེམས་ཅན་ངོ་མཚར་ཞིག་དང་སྒྱུ་རྩལ་གསར་རྩོམ་གྱི་འཆར་སྣང་གི་འབྱུང་ཁུངས་ཞིག་ཏུ་གྱུར་ཡོད། 
     ད་ཐེངས་ཀྱི་འགྲེམས་སྟོན་འདི་རྣམ་པ་དང་ནང་དོན་གང་གི་ཐད་ནས་བརྗོད་ནའང་བོད་ལྗོངས་སུ་ནོར་ནག་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད། འགྲེམས་སྟོན་བརྩམས་ཆོས་ནི་གཏོར་བྱུག་གི་ཐབས་ལ་བརྟེན་ནས་ཞང་ཞུང་སྒྱུ་རྩལ་ཁྲོད་ཀྱི་ཐང་ག་དང་། ལྡེབས་རིས། ཤིང་བརྐོས་རི་མོ་སོགས་ནོར་ནག་གི་གཞི་རྒྱུ་བཏོན་ནས། ཐེངས་དང་པོར་ས་ཁུལ་སོ་སོའི་རི་མོའི་ནང་གི་ནོར་ནག་རྣམས་འགྲེམས་སྟོན་ཁང་གཅིག་ཏུ་བསྡུས་ཏེ། ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག་ལ་ལོ་ངོ་སྟོང་གི་མཚམས་སུ་སྔར་བཞིན་མི་སེམས་འགུལ་བའི་སྟོབས་ཤུགས་ལྡན་པ་བྱས་ཡོད། 
     རི་མོ་བ་ངག་བཟང་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་གྱི་ལྡེབས་རིས་དང་ཐང་གའི་སྒྱུ་རྩལ་ལ་བརྩེ་དུང་ཟབ་མོ་ལྡན་ཡོད། སློབ་གྲྭ་ཆེན་མོའི་ནང་དུ་དེང་རབས་ནུབ་ཕྱོགས་ཀྱི་དེང་རབས་སྒྱུ་རྩལ་གྱི་ཤུགས་རྐྱེན་ཐེབས་པས། ངག་བཟང་གི་རི་མོའི་བརྩམས་ཆོས་ཀྱི་ཉམས་འགྱུར་ནི་གཞན་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན། ཁོང་གིས་བོད་ཀྱི་ནོར་ནག་རྟེན་རྫས་བཤམས་མཛོད་ཁང་ལ་ཕུལ་བའི་བརྩམས་ཆོས《བོད་མི》ཞེས་པའང་འགྲེམས་ཁང་དེའི་བརྗོད་དོན་གཙོ་བོའི་རི་མོར་གྱུར་ཡོད། 
     “རི་མོ་འདི་དག་གི་ཁ་དོག་སྤྱོད་ཚུལ་ཐད་ལ་སྤོབས་པ་ཧ་ཅང་ཆེ་ལ། བསམ་པའི་བཀོད་ཤུགས་ཧ་ཅང་ཆེན་པོ་ལྡན་པས། བོད་རིགས་མི་དམངས་ཀྱི་སྒྱུ་རྩལ་གྱི་བློ་གྲོས་དང་མཐུན་ཡོད། ”ཅེས་རི་མོ་བ་ངག་བཟང་གིས་སེམས་འགུལ་ཐེབས་པའི་ངང་བཤད། “ད་ཐེངས་འགྲེམས་སྟོན་ནང་ནོར་ནག་གི་རི་མོའི་བརྩམས་ཆོས་འདི་འདྲའི་མང་པོ་ཞིག་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་ཐེངས་དང་པོ་བྱས་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། དྲང་མོར་བཤད་ན། ངས་རི་མོ་སྦྱངས་ནས་ལོ་མང་པོ་འགོར་ན་ཡང་ངས་བརྩམས་ཆོས་འདི་དག་ཁྲོད་ཀྱི་གནའ་ཉམས་དང་དལ་ལྷོད་ཀྱི་རྣམ་པ་འབྲི་མི་ཐུབ”ཅེས་བརྗོད། 
     འགྲེམས་སྟོན་བྱས་པའི་བརྩམས་ཆོས་ནང་ནོར་ནག་ནི་མཚོན་རྟགས་ཤིག་ཡིན་པ་དང་། གདོད་མའི་མཚོན་ཆོས་ཤིག་རེད། བོད་རིགས་མཁས་པ་དོན་གྲུབ་ཀྱིས“འདི་ནི་ངས་བོད་ལྗོངས་སུ་ནོར་ནག་གི་རི་མོའི་འགྲེམས་སྟོན་ཧ་ལས་པ་དེ་འདྲ་མཐོང་ཐེངས་དང་པོ་ཡིན། ནོར་ནག་དང་བོད་རིགས་མི་དམངས་ཀྱི་འཚོ་བར་འབྲེལ་བ་དམ་ཟབ་ཡོད། ནོར་ནག་གི་རིག་གནས་དེ་བོད་རིགས་ཀྱི་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད་ཅིང་། རི་མོའི་བརྩམས་ཆོས་ནང་གི་ནོར་ནག་ནི་འཚོ་བའི་ཁྲོད་ཀྱི་གཉེན་ཉེ་དང་འདྲ་ལ། ངལ་རྩོལ་མི་དམངས་ཀྱི་སེམས་ནང་གི་ནོར་ནག་གི་གནས་བབ་གསལ་བཤད་གང་ལེགས་བྱས་ཡོད” ཟེར།
     འགྲེམས་ཁང་ནང་དུ་ད་དུང་རྒྱང་ནས་བལྟས་ན་གཞན་དང་མ་འདྲ་བའི་རི་མོ་ཞིག་ཡོད་དེ། རྒྱ་བོད་རི་མོའི་ཉམས་འགྱུར་སྤེལ་རེས་དང་མཉམ་འདྲེས་ཀྱི་བརྩམས་ཆོས་དེ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་གི་གནས་རི་རྒྱལ་མོ་དམུ་རྡོའི་ལྡེབས་རིས་ཞེས་པའི་བརྩམས་ཆོས་ཀྱི་ཆ་ཤས་ཤིག་རེད། དོན་གྲུབ་ཀྱིས“རི་མོ་ཆ་ཤས་འདིར་མི་རྣམས་ཀྱི་ཐོར་ཅོག་དང་རྒྱན་གོས་སོགས་ཕྱོགས་མང་པོའི་ཐད་ནས་རྒྱ་རིགས་ཀྱི་ཉམས་གྱིས་ཕྱུག་ཅིང་། ཐ་ན་མི་རྣམས་ཀྱིས་རྒྱ་གོས་ཀྱང་གྱོན་ཡོད་མོད། ཞོན་པ་ནི་རྟ་དང་འདྲ་བའི་ནོར་ནག་ཡིན་ལ། ལག་ཏུ་འུར་རྡོ་བཟུང་ཡོད་པས་ཐུན་མིན་གྱི་ཁྱད་ཆོས་ཏེ་བོད་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་ཡོད། 
     ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག་ནི་རྒྱ་བོད་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱི་དཔང་པོ་ནུས་ལྡན་ཞིག་རེད། 
     ནོར་ནག་ནི་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་བསྐྱོད་ནས། ལོ་ངོ་སྟོང་ཕྲག་འགའི་རིང་འགྲོགས་པ་དང་། ནོར་ནག་དེ་བྱ་དངོས་དང་གཞི་རྒྱུ་གང་རུང་ཞིག་ཏུ་གྱུར་པ་དང་། ལྡེབས་རིས་དང་། ཐང་ག ཨར་སྐྲུན་སོགས་སྒྱུ་རྩལ་གསར་རྩོམ་སྣ་ཚོགས་ནང་གང་སར་ཁྱབ་འདུག 
     རི་མོ་བ་ངག་བཟང་གིས་ཡུལ་དངོས་སུ་འགྲེམས་དངོས་ཚང་མ་པར་བརྒྱབ་ཅིང་། ཁོང་གིས་ད་ཐེངས་འགྲེམས་སྟོན་འདིས་ང་ལ་བློ་སྒོ་ཆེན་པོ་ཕྱེས་བྱུང་ལ། ཕྱིན་ཆད་ཀྱི་གསར་རྩོམ་ལ་བློ་སྒོ་འབྱེད་ཐུབ་ངེས་རེད་ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཡུན་རིང་འགྲེམས་སྟོན་ཞིག་ཏུ་གྱུར་ནས་རྒྱ་ཆེའི་གྲོང་མི་གྲོགས་པོ་དང་ནོར་ནག་རིག་གནས་ལ་དགའ་པོ་བྱེད་མཁན་ཚོ་ལྟ་སྐོར་དུ་ཡོང་རྒྱུར་དུས་དང་རྣམ་པ་ཀུན་ཏུ་དགའ་བསུ་ཞུ་རྒྱུ་རེད།
 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
  
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
  
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
འདི་ནི་དོན་གྲུབ་ཀྱིས་འགྲེམས་སྟོན་ཐད་ལ་དཔྱད་གཏམ་བརྗོད་བཞིན་པ་ཡིན་པ། 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ།
 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 
 
འདི་ནི“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་དངོས་ཡིན་པ། 

中央广播电视总台 央广网 版权所有

“ཞང་བོད་སྒྱུ་རྩལ་ཁྲོད་ཀྱི་ནོར་ནག”འགྲེམས་སྟོན།

“གལ་ཏེ་ནོར་ནག་ལ་དེ་འདྲའི་རྒྱུས་མངའ་ཡོད་པ་ཞིག་མིན་པ་དང་། གལ་ཏེ་ནོར་ནག་ལ་དེ་འདྲའི་དགའ་པོ་ཡོད་པ་མིན་པ། གལ་ཏེ་ནོར་ནག་ལ་དེ་འདྲའི་དྲིན་ཚོར་བྱེད་པ་མིན་པ། གལ་ཏེ་ནོར་ནག་ལ་དེ་འདྲའི་དད་པ་ཡོད་པ་མིན་ན། དེ་འདྲའི་སྤོབས་པ་ལྡན་པའི་ཁ་དོག་དང་། དེ་འདྲའི་ཁྱད་འཕགས་ཀྱི་བསམ་ཚུལ། དེ་འདྲའི