ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

བླ་བྲང་དགོན་དུ་ལྷ་ཁང14ཉམས་གསོ་བྱེད་པའི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བ།

2020-06-20 10:48:00     责编:卓玛才让

འདི་ནི་ཟླ6པའི་ཚེས18ཉིན་པར་བླངས་བའི་བླ་བྲང་དགོན་པ་རེད།

ལོ་བརྒྱད་ཙམ་གྱི་རིང་ལ་གཞི་ཁྱོན་ཆེ་བའི་སྒོ་ནས་བཀག་སྡོམ་ཕྱེད་ཙམ་བྱས་ཏེ་ཡོངས་སུ་ཉམས་གསོ་བྱས་པ་བརྒྱུད། བླ་བྲང་དགོན་པའི་ལྷ་ཁང14ཡི་ཉམས་གསོ་ལས་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད། བྱམས་པའི་ལྷ་ཁང་དང་འཇམ་དབྱངས་གཟིམས་ཁང་། ཞབས་བརྟེན་ལྷ་ཁང་། གདུགས་དཀར་ལྷ་ཁང་སོགས་ལྷ་ཁང14རྒྱལ་ཁབ་རིག་དངོས་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་སྒུག་ཡོད་དེ། ལྷ་ཁང་སྐོར་ཞིག་སྔ་གཞུག་ཏུ་མང་ཚོགས་ལ་སྒོ་ཕྱེས་ཡོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་གནས་པའི་བླ་བྲང་བཀྲ་ཤིས་འཁྱིལ་ནི1709ལོར་བཞེངས་བ་དང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཀྱི་ནང་གསེས་ཤིག་ཡིན། 1982ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་གཏན་འཁེལ་བྱས། ཐེངས་འདིའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་ཁང་གཙོ་བོ་ཉམས་གསོའི་ལས་གཞི་ནི་བླ་བྲང་དགོན་བཙུགས་ནས་ལོ300ལྷག་ཙམ་གྱི་རིང་ལ་ཐོག་དང་པོར་གཞི་ཁྱོན་ཆེ་བའི་སྒོ་ནས་ཡོངས་སུ་སྲུང་སྐྱོང་ཉམས་གསོ་བྱས་པ་ཡིན། །

འདི་ནི་ཟླ6པའི་ཚེས18ཉིན་པར་བླངས་བའི་བླ་བྲང་དགོན་པ་རེད།

འདི་ནི་ཟླ6པའི་ཚེས18ཉིན་པར་བླངས་བའི་བླ་བྲང་དགོན་པ་རེད།

འདི་ནི་ཟླ6པའི་ཚེས18ཉིན་གནས་སྐོར་བས་བླ་བྲང་དགོན་ལ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ཟླ6པའི་ཚེས18ཉིན་གནས་སྐོར་བས་བླ་བྲང་དགོན་ལ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྐར་ཁུངས།

དབྱིན་ཇིའི་ལོན་ཏོན་དུ་མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་སྒོའི་ནང་ཞུགས་ནས་ཨ་རིའི་རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ་བྱས་པ།

དབྱིན་ཇིའི་ལོན་ཏོན་དུ་རྔམ་སྟོན་བྱེད་སྒོ་ཆེ་གྲས་སྤེལ་ཏེ། ཨ་རིར་ཨ་ཧྥེ་རི་ཁའི་རིགས་རྒྱུད་ཀྱི་མི་ཚོགས་ལ་རིགས་རྒྱུད་མཐོང་ཆུང་གི་བྱ་སྤྱོད་ཐོན་པར་དམིགས་ནས། ཟླ་5ཚེས་25ཉིན། ཨ་རིའི་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་གྱི་ཉེན་རྟོག་པས་ཨ་ཧྥེ་རི་ཁའི་རིགས་རྒྱུད་ཀྱི་སྐྱེས་པ་ཧྥོ་ལོ་དབྱི་ཏེ་འཛིན་བཟུང་བྱེད་སྐབས་པུས་མོས་དུས་ཡུན་རིང་པོ་སྐེ་གཙིར་པས་ཧྥོ་ལོ་དབྱི་ཏེ་འཆི་བ་རེད། གྱོད་དོན་དེ་དང་འབྲེལ་བའི་ཉེན་རྟོག་པ་བཞི་པོར་མི་བསད་པའི་ཉེས་

中央广播电视总台 央广网 版权所有

བླ་བྲང་དགོན་དུ་ལྷ་ཁང14ཉམས་གསོ་བྱེད་པའི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བ།