ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

“ང་རི་ཁུག་ཏུ་ཡོང་དོན་ནི་ཕྲུ་གུ་རྣམས་རི་ཁུག་ནས་ཐོན་ཐུབ་པ་བྱ་ཆེད་ཡིན”

2019-09-25 15:30:00     来源:     责编:sangjzm

—— སློབ་གྲྭ་ཆེ་མོ་བའི་སློབ་སྐྱོར་སྐོར་གྱི་གཏམ་རྒྱུད། 

འདི་ནི་ཆིང་ཧྭ་སློབ་ཆེན་གྱི་སློབ་མ་པའེ་ཧའོ་ཧའོ(གཡོན་གྱི་གསུམ་པ)ཡིས་བོད་ལྗོངས་འདམ་གཞུང་རྫོང་དུ་འབྲོག་པ་ཚོ་དང་མཉམ་དུ་བརྒྱབ་པའི་པར་ཡིན་པ།

2014ལོའི་ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་པའོ་ཏིང་སློབ་གླིང་གི་ནུབ་རྒྱུད་སློབ་སྐྱོར་སློབ་ཐོན་སློབ་མའི་ཚོགས་པའི་འཐུས་མིར་འཕྲིན་ལན་སྤྲིངས་གནང་བའི་ནང“བུ་ཕྲུག་བཟང་པོའི་ཕུགས་འདུན་གང་སར་མངོན། ཕུགས་འདུན་ལྡན་ཚེ་གནོང་འགྱོད་མེད་པར་འབད་འཐབ་བྱེད། གཞོན་ནུ་དེ་བས་མང་བས་ཁྱེད་རྣམས་མིག་དཔེར་འཛིན་ཏེ་གཞི་རིམ་དང་མི་དམངས་ཀྱི་ཁྲོད་དུ་བྱས་རྗེས་འཇོག་པར་བསྐྱོད་ནས་ལང་ཚོའི་མེ་ཏོག་རྒྱལ་ཁབ་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བཞད་པ་དང་། ཀྲུང་གོའི་ཕུགས་འདུན་གྱི་རླབས་ཆེན་ལག་ལེན་ཁྲོད་ཐུན་མོང་མ་ཡིན་པའི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་རྒྱུའི་རེ་བ་ཡོད”ཅེས་སྐུལ་ལྕག་གནང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སློབ་གྲྭ་ཆེ་མོ་བ་དེ་བས་མང་བ་ནུབ་རྒྱུད་ས་ཁུལ་དུ་བསྐྱོད་དེ་གཞི་རིམ་གྱི་དཔེ་ཁྲིད་མི་སྐྱོང་གི་ལས་དོན་ལ་གཞིས་ཚུགས་པ་དང་། བརྩེ་དུང་དང་འབད་འཐབ་ཀྱིས་ཕྱུག་པའི་མི་ཚེའི་ལེའུ་ཞིག་བརྩམས་ནས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེ་མོར་རྫོགས་མཐའ་མེད་པའི་སྐྱེ་སྟོབས་དང་ཐག་རིང་ལུང་ཁུག་ས་ཁུལ་གྱི་མི་སེར་ཚོར་རེ་བ་ཆེན་པོ་ཞིག་སྦྱིན་ཡོད།

ཕྲུ་གུ་ཚོ་རི་ཁུག་ནས་ཐོན་རྒྱུར་སྣེ་ཁྲིད་དང་རེ་བ་སྦྱིན་པ།

འདི་ལོའི་ཟླ་7པར་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཤིས་ཅི་རྫོང་ཅང་ཐའེ་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་ཧའེ་ལིན་ཕུའུ་ཏན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ནུབ་རྒྱུད་ཀྱི་སློབ་མ་སློབ་གྲྭར་བསྐྱོད་རྒྱུའི་འཆར་གཞིའི་ནང་གི“ལམ་འགྲོ་རྒྱུག་མཁན”ཞིག་ཏུ་གྱུར་ནས་ཉིང་ཞ་དང་། ཤིན་ཅང་། ཀུའེ་ཀྲོའུ། ཡུན་ནན་བཅས་སློབ་སྐྱོར་བྱ་ཡུལ་བཞིའི་སློབ་མ་48དང་མཉམ་དུ་རི་ཁུག་ནས་ཕྱིར་སློབ་སྦྱོང་ལ་བསྐྱོད་པ་རེད།

དེ་ནི་ཧའེ་ལིན་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་དུ་བསྐྱོད་ཐེངས་དང་པོ་དེ་ཡིན་ཞིང་། ཧའེ་ལིན་གྱིས“སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ཇུས་བཀོད་ལེགས་པ་དང་། སྲོག་ཆགས་དང་རྩི་ཤིང་གི་དངོས་དཔེ་ཤིན་ཏུ་མང་པོ་མཐོང་བྱུང་བས་མིག་རྒྱང་སྔར་བས་ཡངས་སུ་ཕྱིན་པའི་སྣང་བ་ཞིག་བྱུང”ཞེས་བརྗོད།

ཧའེ་ལིན་གྱིས“ད་ལྟ་བསམ་བློའི་ནང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཉིང་ཞའི་མཐོ་རིམ་སློབ་འབྲིང་ཡག་ཤོས་ཤིག་ལ་ཚུད་པ་དང་། སེམས་ནང་བསམ་པའི་སློབ་ཆེན་ཞིག་ལ་ཚུད་པ་བྱས་ཏེ་རི་ཁུག་ནས་ཕྱིར་ཐོན་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་བརྗོད།

“ལོ་གཅིག་གི་དུས་ཚོད་སྤྱད་དེ་མི་ཚེ་གཅིག་གི་བརྗེད་པར་དཀའ་བའི་དོན་ཆེན་ཞིག་སྒྲུབ་དགོས”ཞེས་པ་ནི་ཕུའུ་ཏན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པས་སྔ་བར་ཕྱི་གསུམ་དུ་རྒྱུན་འཛིན་བྱེད་པའི་འབོད་ཚིག་རེད།

ཕུའུ་ཏན་སློབ་ཆེན་གྱི་སྐབས་ཉི་ཤུ་པའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ཨ་པུའུ་ཏུའུ་མི་ཅི་ཐི·ཨའེ་མའེ་ཐི་ཡིས་ཅང་ཐའེ་སློབ་འབྲིང་དུ་སློབ་སྐྱོར་བྱེད་རིང་། ཤིས་ཅི་རྫོང་དུ་ཤང་དང་གྲོང་རྡལ་སློབ་འབྲིང་གི་བུ་དང་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་པོ་དེ་བཙུགས་ཤིང་། རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་པ་དེས་བྱིས་པ་མང་དག་ཅིག་ལ་སྤྲོ་སྣང་དང་ཕུགས་འདུན་སྦྱིན་ཡོད།

ལོ་14ལ་སླེབས་པའི་མཱ་ཧའེ་ཡན་ནི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྒོ་སྲུང་བ་རེད། དབྱར་ཁའི་གུང་གསེང་སྐབས་ཁོ་མོས་ཧྲང་ཧའེ་ལུས་རྩལ་ཐང་དུ་ཀྲུང་གོའི་རིམ་འདས་རིམ་མཚུངས་མཉམ་འགྲན་བལྟས་པ་དང་། ཁོང་གིས“ས་གནས་ས་ཐོག་ཏུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བལྟས་པ་དེས་ངའི་ཡིད་དབང་འཕྲོག་བྱུང་ལ་སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་ཆོད་སེམས་ཀྱང་ཆེ་རུ་ཕྱིན་སོང”ཞེས་བརྗོད།

ཕྲུ་གུ་དང་མཉམ་དུ་འགྲོགས་པའི་དུས་ཚོད་ནང་ངའི་མི་ཚེ་གང་པོར་འགྱུར་ལྡོག་ཕྱིན་སོང་།

“རང་ཉིད་སྔོན་ཆད་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཞིག་ཡིན། སློབ་སྦྱོང་ལ་འབད་བརྩོན་བྱས་པ་བརྒྱུད་ཆིང་ཧྭ་སློབ་ཆེན་དུ་ཚུད་བྱུང་། ངའི་ངོས་ནས་བརྗོད་ན་སློབ་སྐྱོར་གྱི་དོན་སྙིང་ནི་མི་གཞན་ལ་ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་ཙམ་མ་ཟད། རང་ཉིད་ཀྱིས་འབད་བརྩོན་དང་མཐའ་འཁྱོངས་བྱེད་པའི་སྟོབས་ཤུགས་ཀྱང་མཐོང་ཐུབ”ཅེས་བརྗོད་པ་དང་ཆབས་ཅིག 2016ལོའི་ཟླ་8པར་ཆིང་ཧྭ་སློབ་ཆེན་གྱི་སློབ་མ་ཧུང་ཞུས་ཀྱིས་ཧུའུ་ནན་ནུབ་རྒྱུད་དུ་ལོ་གཅིག་གི་སློབ་སྐྱོར་འཚོ་བ་སྐྱེལ་འགོ་བརྩམས།

“སློབ་སྐྱོར་ནི་སློབ་མའི་གྲུབ་འབྲས་ལ་དམིགས་རྒྱུ་ཙམ་མ་ཟད། དེའི་ཁྲོད་ཁོང་ཚོར་སློབ་སྦྱོང་ཕུད་པའི་མི་གང་འདྲ་ཞིག་བྱེད་དགོས་པའི་གནས་ལུགས་མང་པོ་ཞིག་ཤེས་སུ་འཇུག་དགོས”སློབ་སྐྱོར་གྱི་ལོ་ཟླར་དྲན་གསོ་བྱེད་སྐབས་ཧུང་ཞུས་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས“ཁོང་ཚོའི་འཚོ་བའི་ནང་ཞུགས་རྗེས་མི་གཞན་གྱི་ལེགས་ཆར་ཇི་ལྟར་བྱས་ནས་སློབ་སྦྱོང་བྱེད་དགོས་ལུགས་རྟོགས་བྱུང”ཞེས་བརྗོད།

“སློབ་སྐྱོར་བྱེད་པའི་ལོ་ཟླ་ནི་ལོ་20ཡི་ནང་གི་དཀའ་ངལ་ཆེ་ཤོས་ཀྱི་ལོ་ཤིག་རེད་ལ། གྲུབ་འབྲས་མང་ཤོས་ཐོབ་པའི་ལོ་ཞིག་ཀྱང་རེད”ཧུང་ཞུས་དང་མཉམ་དུ་སློབ་སྐྱོར་དུ་སྐྱོད་མཁན་ཆིང་ཧྭ་སློབ་ཆེན་གྱི་སློབ་མ་པའེ་ཧའོ་ཧའོ་ཡིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བསྐྱོད་པ་དང་། སྔོན་ཆད་ཆིང་ཧྭ་སློབ་ཆེན་གྱི་རྒྱལ་དར་གཟབ་སྦྲེང་རུ་ཁག་གི་རུ་མི་ཞིག་ཡིན་པའི་ཁོང་གིས་སློབ་གྲྭ་དེར་རྒྱལ་དར་སྲུང་སྐྱོང་རུ་ཁག་ཅིག་བཙུགས་པ་རེད།

“མེས་རྒྱལ་མཐའ་མཚམས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་བྱུང་བ་ནི་མི་ཚེ་གཅིག་གི་ཕན་ཐོགས་ཆེ་ཤོས་ཀྱི་སློབ་ཆེན་དེ་རེད”ཅེས་པའི་སློབ་གྲོགས་ཚོའི“མངགས་བཅོལ”ཡིད་ལ་བཅངས་ཏེ་སི་ཁྲོན་གྱི་གྲོང་གསེབ་ཏུ་སྐྱེས་པའི་པེ་ཅིང་སློབ་ཆེན་སྲིད་གཞུང་དོ་དམ་སློབ་གླིང་གི་2015ལོའི་དངོས་གཞིའི་ཚན་ཁག་གི་སློབ་མ་ལིས་ཀྲའོ་ཆིང་ཟླ་གཅིག་གི་གོང་དུ་ཡུན་ནན་སྨི་ཏུའུ་སློབ་འབྲིང་དང་པོར་སློབ་སྐྱོར་དུ་བསྐྱོད་པ་རེད།

ཁོང་སློབ་ཆུང་འགྲིམ་སྐབས་སློབ་སྐྱོར་དགེ་རྒན་ཞིག་གིས་སྟོན་པའི་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་ནི་ཁོང་ད་བར་འབད་འཐབ་བྱེད་པའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད། “ངའི་ཕ་ཡུལ་ནི་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། དེ་གར་དགེ་རྒན་ཧ་ཅང་དཀོན་པོ་ཡོད་པས་ང་ཚོར་ད་བར་དབྱིན་ཡིག་སྦྱོང་བའི་གོ་སྐབས་མ་བྱུང་། སློབ་ཆུང་ལོ་རིམ་བཞི་པར་སླེབས་སྐབས་སྐྲ་ལྷས་མ་གཅིག་བསླས་པའི་གཅེན་མོ་ཞིག་གིས་ང་ནི་ཅང་ཤིས་ནས་ཡོང་བའི་སློབ་སྐྱོར་བ་ཞིག་ཡིན། དེ་རིང་ནས་ཁྱོད་ཚོར་དབྱིན་ཡིག་སློབ་ཀྱི་ཡིན་ཞེས་བརྗོད་བྱུང་། དེ་ནི་སློབ་སྐྱོར་ཞེས་པའི་ཐ་སྙད་འདི་ཐོས་ཐེངས་དང་པོ་དེ་ཡིན”ཞེས་བརྗོད།

འཛིན་གྲྭ་གཉིས་ལ་དབྱིན་ཡིག་སློབ་ཁྲིད་བྱ་རྒྱུའི་འགན་འཁུར་བས་སློབ་ཁྲིད་གོང་གི་གྲ་སྒྲིག་དང་། དངོས་སུ་སློབ་ཁྲིད། སྦྱོང་ཚན་བཟོ་བཅོས་བཅས་ནི་ལིས་ཀྲའོ་ཆིང་གི་རྒྱུན་གཏན་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཁོང་གིས“ངས་ལོ་གཅིག་རིང་ལག་ལེན་ཁྲོད་སློབ་སྦྱོང་དང་། འཚོ་བའི་ཁྲོད་དུ་སློབ་སྦྱོང་། སློབ་སྦྱོང་ཁྲོད་ནས་ཐོབ་པའི་ཤེས་བྱ་ལས་མི་ཚེ་དེ་བས་དོན་སྙིང་ལྡན་པར་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད།
ཕྲུ་གུ་ཚོར་སྡོད་རོགས་དགོས་པས་གནས་དེར་སྡོད་རྒྱུའི་གདམ་ག་བྱས་པ།

ལོ་དེའི་གནས་ཚུལ་ལ་དྲན་གསོ་བྱེད་སྐབས་ཧའུ་ཁྲའོ་རུའུ་ཡིས་ཧོ་པེ་དང་ཤིན་ཅང་གི་རླངས་འཁོར་འབབ་ཚུགས་གཉིས་རྟག་ཏུ་གླེང་གི་ཡོད། “ང་ནི་སློབ་གསོའི་བྱ་གཞག་ལ་དགའ་པོ་ཡོད་མཁན་ཞིག་ཡིན་པས་དེའི་ཆེད་ལེགས་སྐྱེས་འབུལ་ངེས་ཡིན”ཞེས་པ་དེ་ནི་ཧའུ་ཁྲའོ་རུའུ་ཡིས་ལོ་19ཡི་གོང་དུ་ཕ་ཡུལ་པའོ་ཏིང་ནས་ཁ་གྱེས་སྐབས་བཞག་པའི་དམ་བཅའ་ཞིག་རེད། དམ་བཅའི་ཚིག་ཡིད་ལ་བརྟན་པོར་བཟུང་ནས་ཁོང་གིས་ད་བར་ལོ་19ཏག་ཏག་ལག་ལེན་དུ་འཁྱོལ་བ་བྱས་ཡོད།

ཧའུ་ཁྲའོ་རུའུ་ནི་2000ལོར་པའོ་ཏིང་སློབ་གླིང་གི་ཕུལ་བྱུང་སློབ་ཐོན་སློབ་མ་15མེ་འཁོར་ལ་བསྡད་དེ་ཤིན་ཅང་གི་ཆེ་མོ་རྫོང་དུ་དགེ་རྒན་བྱེད་པར་སྐྱོད་མཁན་གྱི་གྲས་ཤིག་རེད།

“རྒན་ལགས། ས་ཆ་འདིར་ལྷགས་པ་ཆེ་ལ་སྐམ་ཤས་ཆེ་བས་ཁྱེད་ཀྱིས་ཆུ་མང་ཙམ་འཐུང་གནང”ཞེས་མདུན་གྲལ་དུ་ཡོད་པའི་སློབ་མས་ཤོག་བུ་སྤྲད་དེ་སྣ་ཁྲག་ཕྱིད་རོགས་བྱས་པའི་རྣམ་པ་ཧའུ་ཁྲའོ་རུའུ་ཡི་སེམས་ནང་ད་བར་གསལ་ལེར་དྲན་གྱི་ཡོད། སློབ་མ་ཚོའི་ལྷད་མེད་ཀྱི་སེམས་ཁུར་ལས་ངའི་སེམས་དྲོ་བར་བྱས་སོང་ལ་ང་ལ་ད་བར་རྒྱབ་སྐྱོར་བྱས་བྱུང”

ཧའུ་ཁྲའོ་རུའུ་ཡིས་རང་ཉིད་ནི་བྱེ་ཐང་དུ་སྐྱེས་པའི་སྔོ་ཁེབས་ལྕང་དམར་ལ་དཔེ་བཞག་གི་ཡོད་ཅིང་། གལ་སྲིད་དེ་གྲོང་ཁྱེར་ཆེན་པོའི་ལྡུམ་རའི་ནང་བཏབ་ན་སྣང་བ་ཅི་ཡང་མེད། འོན་ཀྱང་བྱེ་ཐང་དུ་ནུས་པ་ཆེན་པོ་འདོན་ཐུབ། ལོ་མང་རིང་། ཁོང་དང་མཉམ་དུ་ཆེ་མོ་རྫོང་དུ་སློབ་ཁྲིད་བྱེད་པར་ཡོང་མཁན་དགེ་རྒན་ཚོས་ཕུལ་བྱུང་སློབ་ཐོན་སློབ་མ་མང་དག་ཅིག་གསོ་སྐྱོང་བྱས་ཡོད།

ཧའུ་ཁྲའོ་རུའུ་དང་མི་འདྲ་བ་ནི་ཧུའུ་པེའི་གྲོང་གསེབ་ནས་ཡོང་བའི་ཝུའུ་ཧྲུན་ཤིས་ཀྱིས་བོད་དུ་སློབ་སྐྱོར་བྱས་ནས་མུ་མཐུད་བོད་དུ་ལས་དོན་བསྒྲུབས་རྒྱུའི་སེམས་ཐག་བཅད་པ་དེ་རེད།

ལོ་26ལ་སླེབས་པའི་ཝུའུ་ཧྲུན་ཤིས་ཀྱིས་བྲེལ་བརྩོན་ཆེ་བའི་ལས་ཀའི་ཁྲོད་བོད་དུ་ཟླ་མཆོད་དུས་ཆེན་ཐེངས་བཞི་པ་དེ་བཏང་། སྨི་ངོས་གྲུ་45ལས་མེད་པའི་ཉལ་ཁང་གི་སྒྲོག་ཙེའི་སྟེང་ཟླ་མཆོད་བག་ལེབ་ཁ་ཤས་ཡོད་པ་ལས་དུས་ཆེན་གྱི་རྣམ་པ་གཞན་གང་ཡང་མཐོང་རྒྱུ་མེད།

2015ལོའི་ཟླ་3པ་དང་2016ལོའི་ཟླ་3པར། ཝུའུ་ཧྲུན་ཤིས་ཧུའུ་པེ་རིག་ཚན་སློབ་གླིང་གི“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་གི་ཁོངས་མི་ཞིག་ཡིན་པའི་ངོས་ནས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ་སློབ་སྐྱོར་ལ་ཐེངས་གཉིས་བསྐྱོད་པ་རེད། སློབ་གྲྭ་ཐོན་རྗེས་ཁོང་གིས་བོད་དུ་ལས་ཀ་བྱ་རྒྱུའི་གདམ་ག་བྱས་པ་དང་། མིག་སྔར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྲོང་བདུན་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་རེད།

“ཕོ་གཞོན་རྩེ་གྲ་ཞིག་འདུག གཞི་རིམ་གྱི་ལས་ཀར་དགའ་ཞེན་དང་ནན་ཏན་ཆེ་ལ། མི་རིགས་མཐུན་སྒྲིལ་ལའང་སྣང་ཆེན་ཆེན་པོ་བྱེད་ཀྱི་འདུག”ཅེས་འཕྱོངས་རྒྱས་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཤའོ་ཧུང་གིས་བརྗོད། ཝུའུ་ཧྲུན་ཤིས་ཀྱིས་ལོ་གསུམ་རིང་ལས་དོན་སྒྲུབ་སྐབས་རྫོང་གི“ཕུལ་བྱུང་ཏང་དོན་ལས་དོན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

“གནས་འདིར་དབྱང་རླུང་དཀོན་པ་དང་། སྨུག་ཕྱིའི་འོད་ཆེ་བ། རོལ་རྩེད་བྱེད་སྒོ་ཉུང་ཙམ་ཡོད། འོན་ཀྱང་རང་ཉིད་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་འདུག ང་ཚོས་དོན་དག་ཆུང་ཆུང་ཞིག་ལས་བསྒྲུབས་མེད་ཀྱང་སྙིང་སྟོབས་རྒྱུན་འཛིན་བྱས་པ་བརྒྱུད་མི་དེ་བས་མང་བ་མེས་རྒྱལ་གྱི་མཐའ་མཚམས་ཡིན་པའི་གནས་འདིར་ཡོང་ནས་ཞབས་ཞུ་སྒྲུབ་པ་དེ་ནི་ལེགས་སྐྱེས་འབུལ་བ་དང་གཉིས་སུ་མ་མཆིས”ཞེས་ཝུའུ་ཧྲུན་ཤིས་ཀྱིས་བརྗོད།

སློབ་སྐྱོར་ལས་དོན་ནི་ནམ་ཡང་ཚར་དུས་མེད། བསྡོམས་རྩིས་བྱས་པར་གཞིགས་ན། 2018ལོར། སློབ་གསོ་པུའུ་སོགས་སྡེ་ཚན་གྱིས་བོད་སྐྱོར་དང་ཤིན་སྐྱོར་གྱི་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཏེ་སློབ་སྐྱོར་དགེ་རྒན་4000ཙམ་མངགས་གཏོང་བྱས་ཡོད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有