ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

བོད་ལྗོངས་འདམ་གཞུང་དུ་གསར་རྩོམ་བྱས་པའི་འབྲོག་པའི་རིག་གནས་མྱོང་ཚོར་ཟློས་གར《གནམ་མཚོ། དུས་བཞིའི་འབྲོག་གླུ》ཞེས་པ་འཁྲབ་སྟོན་བྱས་པ།

2019-07-10 09:38:00     来源:

མི་དམངས་དྲ་བའི་འཕྲིན། 2019ལོའི་ཟླ་6པར། གསར་རྩོམ་བྱས་པའི་འབྲོག་པའི་རིག་གནས་མྱོང་ཚོར་ཟློས་གར《གནམ་མཚོ། དུས་བཞིའི་འབྲོག་གླུ》ཞེས་པ་རིམ་སྤར་སྒྲིག་བཟོ་བྱས་རྗེས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་སྐུ་མགྲོན་ཚོར་འཁྲབ་སྟོན་བྱས་པ་རེད། ཟློས་གར་འདིའི་ནང་འབྲོག་རའི་དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་། བརྩམ་བྱའི་མི་སྣ་གཙོ་བོ་ཕོ་གཞོན་མོ་གཞོན་རྣམས་“ཕན་ཚུན་འཕྲད་པ་"དང་"ཕན་ཚུན་ངོ་ཤེས་པ”“ཕན་ཚུན་དགའ་རོགས་སྒྲིག་པ་”“ཕན་ཚུན་བརྟེན་པ”བཅས་ཀྱི་བརྩེ་དུང་གི་གཏམ་རྒྱུད་བརྗོད་ཡོད་ཅིང་། གཡག་དཀར་པོས་བསམ་པའི་རྟེན་གཞིར་བྱས་ནས། བོད་ཁུལ་གྱི་དུས་བཞིའི་མཛེས་ལྗོངས་མངོན་པར་བྱས་པ་དང་དུས་མཚུངས་འབྲོག་པ་ཚོའི་དུས་བཞིའི་འགྱུར་ལྡོག་ཁྲོད་ཀྱི་འཚོ་བ་མངོན་པར་བྱས་ཡོད། 

 

འཛམ་གླིང་སྐར་ཁུངས།

འཇར་མན་གྱི་ཙུང་ལིས་ལོ་23གོང་གི་གྱོན་ཆས་གྱོན་པར་ཀུན་གྱིས་བསྔགས།

ཉེ་ཆར། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ལོ་23གོང་གི་གྱོན་ཆས་ཤིག་གྱོན་པར་མི་མང་པོའི་དོ་སྣང་ཐེབས་ཤིང་ཁོང་མོ་བསྲི་ཚགས་ཆེ་ཚུལ་དང་བབ་ཆགས་ཡིན་ཚུལ་ལ་བསྔགས་བརྗོད་བྱས་ཡོད།

中央广播电视总台 央广网 版权所有