ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

རྔ་ཁུལ་ཁྱུང་མཆུ་རྫོང་གི་འབྲོག་པའི་ཡོང་སྒོ་འཕར་བ།

2019-07-09 16:26:00     来源:

མི་དམངས་དྲ་བའི་འཕྲིན། ཁྱུང་མཆུ་རྫོང་ནི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་རྩྭ་ཐང་དུ་ཆགས་ཡོད་པ་དང་། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་3500ཡས་མས་ཡོད། དུས་ཡུན་རིང་པོར་ས་གནས་དེ་གའི་འབྲོག་པའི་ཡོང་འབབ་གཙོ་བོའི་ཡོངས་ཁུངས་ནི་ཕྱུགས་གསོ་བ་དང་འོ་མ་ཉོ་འཚོང་དེ་རེད། ཡོང་འབབ་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པའི་ཐབས་ལམ་ནི་སྣ་གཅིག་ཡིན། ཉེ་བའི་ལོ་འགའི་རིང་། ས་གནས་དེ་གའི“ཁེ་ལས་+མཉམ་ལས་ཁང་+འབྲོག་ཁྱིམ”གྱི་འཕེལ་རྒྱས་རྣམ་པས། དཀར་ལས་དེ་ཐོན་ལས་ཅན་བསྒྱུར་ནས་ཕྱུགས་ལས་མགྱོགས་པོར་འཕེལ་རྒྱས་བཏང་ཡོད། ས་གནས་དེའི་དཀར་ལས་ཁེ་ལས་དང་འབྲོག་ཁྱིམ་6000ལྷག་དང་གན་རྒྱ་བཞག་པ་དང་། དུས་མཉམ་དུ་མི་500ལྷག་གི་ལས་ཞུགས་གནད་དོན་ཐག་བཅད་ཅིང་། ཁྱིམ་ཚང་དབུལ་པོའི་དུད་ཁྱིམ་350ལྷག་གི་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་པོར་འགྱུར་བར་སྣེ་ཁྲིད་ཡོད། འདི་ནི་ཟླ་7ཚེས་7ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ཁྱུང་མཆུ་གྲོང་རྡལ་ར་སྐོར་གྲོང་ཚོའི་དབྱར་གྱི་རྩྭ་ཐང་རེད།

 

འཛམ་གླིང་སྐར་ཁུངས།

འཇར་མན་གྱི་ཙུང་ལིས་ལོ་23གོང་གི་གྱོན་ཆས་གྱོན་པར་ཀུན་གྱིས་བསྔགས།

ཉེ་ཆར། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ལོ་23གོང་གི་གྱོན་ཆས་ཤིག་གྱོན་པར་མི་མང་པོའི་དོ་སྣང་ཐེབས་ཤིང་ཁོང་མོ་བསྲི་ཚགས་ཆེ་ཚུལ་དང་བབ་ཆགས་ཡིན་ཚུལ་ལ་བསྔགས་བརྗོད་བྱས་ཡོད།

中央广播电视总台 央广网 版权所有