གཟའ་འཁོར་གཅིག་གི་རྒྱལ་སྤྱིའི་གསར་འགྱུར།
2019-05-15 11:08:00
|
0

མཁའ་དབྱིངས་གྱི་འཇབ་རྒོལ་ཕོག་རྗེས།

ཟླ་5ཚེས་5ཉིན། ཅཱ་ཧྲ་ས་ཁུལ་གྱི་ལ་ཧྥར་ཕ་ལེ་སི་ཐན་བས་དབྱི་སི་རལ་དམག་གིས་མཁའ་དབྱིངས་ནས་འཇབ་རྒོལ་བྱས་པ་ལས་གཏོར་སྐྱོན་བཏང་བའི་ཁང་པར་ཞིབ་བཤེར་བྱེད་བཞིན་པ།

བཙན་ཐབས་ཀྱིས་གནམ་གྲུ་བབ་ཏུ་བཅུག་པ། ཨ་རུ་སུའི་རྒྱལ་སྤྱི་མཁའ་འགྲུལ་ཀུང་སིའི་སུའུ་ཧོ་དབྱི་རིམ་འདས་100རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཟླ་5ཚེས་5ཉིན་མོ་སི་ཁོའི་ཞེ་ལིའེ་མེན་ཅེ་ཝོ་གནམ་ཐང་དུ་བཙན་ཐབས་ཀྱིས་བབ་ཏུ་བཅུག་རྗེས་མེ་འབར་བ་རེད། དོན་རྐྱེན་དེའི་ནང་མི་41རྐྱེན་ལམ་དུ་ཤོར་ཡོད། འདི་ནི་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོའི་ཞེ་ལིའེ་མེན་ཅེ་ཝོ་གནམ་ཐང་ནས་པར་བླངས་པའི་འཚིག་སྐྱོན་ཤོར་བའི་སུའུ་ཧོ་དབྱི་རིམ་འདས་100རྟགས་ཅན་གྱི་གནམ་གྲུ་ཡིན་པ།

བཙན་ཐབས་ཀྱིས་གནམ་གྲུ་བབ་ཏུ་བཅུག་པ།

ཨ་རུ་སུའི་རྒྱལ་སྤྱི་མཁའ་འགྲུལ་ཀུང་སིའི་སུའུ་ཧོ་དབྱི་རིམ་འདས་100རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཟླ་5ཚེས་5ཉིན་མོ་སི་ཁོའི་ཞེ་ལིའེ་མེན་ཅེ་ཝོ་གནམ་ཐང་དུ་བཙན་ཐབས་ཀྱིས་བབ་ཏུ་བཅུག་རྗེས་མེ་འབར་བ་རེད། དོན་རྐྱེན་དེའི་ནང་མི་41རྐྱེན་ལམ་དུ་ཤོར་ཡོད། འདི་ནི་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོའི་ཞེ་ལིའེ་མེན་ཅེ་ཝོ་གནམ་ཐང་ནས་པར་བླངས་པའི་འཚིག་སྐྱོན་ཤོར་བའི་སུའུ་ཧོ་དབྱི་རིམ་འདས་100རྟགས་ཅན་གྱི་གནམ་གྲུ་ཡིན་པ།

“གླང་ཆེན་དཀར་པོས་”རྒྱལ་པོ་གསར་པའི་མཇལ་ཁ་ཞུས་པ།

ཟླ་5ཚེས་7ཉིན། ཐེ་ལན་གྱི་ཏ་ཁྲེང་ཧྥུས་ཚོན་བྱུགས་པའི་གླང་ཆེན་10གླང་རྫིའི་སྣེ་ཁྲིད་འོག་པང་ཁོག་གི་གོང་མའི་ཕོ་བྲང་ཉེ་འཁོར་གྱི་རྒྱལ་པོའི་སྐུ་པར་ལ་གུས་འདུད་ཞུས་པ། འདི་ནི་ཐེ་ལན་གྱི་པང་ཁོག་ཏུ། “གླང་ཆེན་དཀར་པོ་”གླང་རྫིའི་སྣེ་ཁྲིད་འོག་གོང་མའི་ཕོ་བྲང་དུ་བསྐྱོད་བཞིན་པ།

རྒྱལ་པོ་ཚང་གི་རྒྱལ་སྲས།

ཟླ་5ཚེས་8ཉིན། དབྱིན་ཇིའི་དབུན་ཧྲ་མཁར་རྫོང་དུ་དབྱིན་ཇིའི་ས་སའེ་ཁེ་སི་ཀུང་ཇོལ་རྒྱལ་སྲས་ཧན་ལི་དང་སྐུ་ཟླ་མའེ་ཀེན། རྒྱལ་སྲས་ཆུང་ཆུང་བཅས་མཉམ་དུ་གདོང་སྟོན་པ། ཟླ་5ཚེས་6ཉིན། ས་སའེ་ཁེ་སི་ཀུང་ཇོལ་བཟའ་ཚོ་གཉིས་ཀྱི་བུ་དབྱིན་ཇིར་འཁྲུངས་པ་རེད།

ཤོམ་འགྲན་བསྡུར།

ཀྲེང་ཅང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྤེལ་བའི་ཀྲེང་ཅང་གི་སྲོལ་རྒྱུན་བཟོ་རྩལ་གསར་གཏོད་འགྲེམས་སྟོན་དེ་ཚེས་8ཉིན་ལོན་ཏོན་དུ་སྤེལ་འགོ་ཚུགས་པ་རེད། དུས་ཡུན་ཉིན་4ཡི་འགྲེམས་སྟོན་དེ་ལོན་ཏོན་གྱི་ལག་ཤེས་བཟོ་རྩལ་གཟའ་འཁོར་སྐབས་ལྔ་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་རེད།

ལི་པི་ཡའི་ཟིང་འཁྲུག ལི་པི་ཡའི་རྒྱལ་ས་ལི་པོ་ལིར། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དྲག་ཆས་མི་སྣ་ཞིག་གིས་“རྒྱལ་དམངས་དམག་”ལ་མེ་མདའ་རྒྱབ་པ་། ཟླ་4པའི་ཟླ་འགོར། ལི་པི་ཡའི་ཤར་རྒྱུད་ཚོད་འཛིན་བྱེད་མཁན་“རྒྱལ་དམངས་དམག་”གིས་ལི་པོ་ལིར་དམག་དོན་བྱ་སྤྱོད་སྤེལ་བ་དང་གྲོང་ཁྲེར་དེ་ཚོད་འཛིན་བྱེད་མཁན་མི་རིགས་མཐུན་སྒྲིལ་སྲིང་གཞུང་གི་དམག་དཔུང་དང་དམག་རྒྱབ་པ་རེད།

ལི་པི་ཡའི་ཟིང་འཁྲུག

ལི་པི་ཡའི་རྒྱལ་ས་ལི་པོ་ལིར། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དྲག་ཆས་མི་སྣ་ཞིག་གིས་“རྒྱལ་དམངས་དམག་”ལ་མེ་མདའ་རྒྱབ་པ་།

ཟླ་4པའི་ཟླ་འགོར། ལི་པི་ཡའི་ཤར་རྒྱུད་ཚོད་འཛིན་བྱེད་མཁན་“རྒྱལ་དམངས་དམག་”གིས་ལི་པོ་ལིར་དམག་དོན་བྱ་སྤྱོད་སྤེལ་བ་དང་གྲོང་ཁྲེར་དེ་ཚོད་འཛིན་བྱེད་མཁན་མི་རིགས་མཐུན་སྒྲིལ་སྲིང་གཞུང་གི་དམག་དཔུང་དང་དམག་རྒྱབ་པ་རེད།

དམག་གཟིགས་མཛད་སྒོ།

རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་ཆེད། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་ཟླ་5ཚེས་9ཉིན་གཟབ་རྒྱས་ཀྱི་དམག་གཟིགས་མཛད་སྒོ་སྤེལ་བ་རེད།

ཚ་རླབས།

ཟླ་5ཚེས་10ཉིན། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཁེ་ཧྲི་སྨིར་ས་ཁུལ་གྱི་ཁྲ་མའོ་རུ་ཕྲུ་གུ་འགས་ཆུའི་ནང་མཆོང་ནས་ཚ་གཡོལ་བྱེད་པ།

ཕ་དབྱིའི་འགལ་བ།

ཟླ་5ཚེས་10ཉིན། ཅོར་ཏན་གཙང་པོའི་ནུབ་རྒྱུད་ཀྱི་གྲོང་ཁྱེར་ནཱ་པུའུ་ལུ་སི་ཉེ་འཁོར་དུ། ཕ་ལེ་སི་ཐན་གྱི་རྔམ་སྟོན་བྱེད་མཁན་གྱིས་དབྱི་སི་རལ་གྱི་དམག་མིར་རྡོ་ཞུས་པ།

གནའ་བོའི་མེ་འཁོར།

ཟླ་5ཚེས་10ཉིན། ཨ་རིའི་ནུབ་རྒྱུད་ཀྱི་ཡུའུ་ཐ་མངའ་སྡེར་ཚེས་10ཉིན་རྟེན་འབྲེལ་མཛད་སྒོ་སྤེལ་ནས། ཨ་རིའི་ཤར་ནུབ་འབྲེལ་བའི་ལྕགས་ལམ་__ཞི་བདེ་རྒྱ་མཚོ་ལྕགས་ལམ་བསྐྲུན་ནས་ལོ་150འཁོར་བར་དྲན་གསོ་ཞུས་པ་རེད།

མན་པོའོ་དུས་ཆེན།

ཧྥ་རན་སེའི་མན་པོའོ་དུས་ཆེན་སྐབས་24པའི་ནང་དོན་གྱི་གྲས་ཤིག་སྟེ། ཕ་རི་སིར་ཐོག་མར་ཚེས་11ཉིན་མན་པོོའོ་དུས་ཆེན་གྱི་བྱེད་སྒོ་འགོ་ཚུགས་པ་དང་། སྐད་གྲགས་ཆེ་བའི་མན་པོའོ་ཚོང་ཁང་གི་མན་པོའོ་བཟོ་མཁས་ཅན་གྱིས་ཡུལ་དངོས་སུ་མན་པོའོ་བཟོ་བ་དང་། སྣ་ཁ་འདྲ་མིན་གྱི་མན་པོའོ་དང་ཏན་ཞིན་ཕྱིར་ཚོང་བྱས་ཏེ་། གྲོང་མི་དང་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུགས་པ་རེད། མན་པོའོ་དུས་ཆེན་གྱི་བྱེད་སྒོ་དེ་ཟླ་5ཚེས་19ཉིན་བར་སྤེལ་རྒྱུ་རེད།

ཡོང་ཁུངས། མི་དམངས་དྲ་བ།

   མདུན་ངོས་སུ་ལོག་པ།