ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཁ་ལོ་བས་འགྲུལ་པ་དེ་དུག་འཚོང་མཁན་ཡིན་པ་ཤེས་རྗེས་འདི་འདྲ་བྱས།

2021-02-23 15:04:00     责编:卓玛才让

     ཡུན་རིང་མ་སོང་གོང་། ཁྲུང་ཆིང་གི་བདལ་གཏོང་རླངས་འཁོར་ཁ་ལོ་བ་ཝང་ལགས་ཀྱི་རླངས་འཁོར་ནང་བུད་མེད་འགྲུལ་པ་ཞིག་བླུགས་ཡོད། བསམ་ཡུལ་ལས་འདས་པར་འགྲུལ་པ་དེ་ནི་དུག་འཚོང་མཁན་ཞིག་ཡིན་པ་དང་། ཁོ་མོས་བདལ་གཏོང་རླངས་འཁོར་འགེབས་སྲུང་དུ་བྱས་ཏེ་དུག་རྫས་ཉོ་མཁན་ལ་ཁ་པར་བརྒྱབ་ནས་དུག་ཚོང་རྒྱག་རྩིས་བྱས། ཁ་ལོ་བ་ཝང་ལགས་ཀྱིས་གནས་ཚུལ་དེ་རྒྱུན་ལྡན་ཞིག་མིན་པ་ཤེས་ནས། ཐབས་མཁས་ཞི་ལྷོད་ཀྱིས་རླངས་འཁོར་མངགས་གཏོང་ཁང་དུ་བཏང་། དུག་འཚོང་མཁན་དེ་འབྲོ་འདོད་རུང་། ཝང་ལགས་ཀྱིས་རླངས་འཁོར་ལས་བབས་ཏེ་ཁོ་མོ་རླངས་འཁོར་ནང་དུ་བཅུག་པ་མ་ཟད། འདི་གར་དུག་ཚོང་རྒྱག་མཁན་འདུག་ཅེས་སྐད་ཆེན་པོས་བོས་པས། འཕྲལ་མར་མི་དམངས་ཉེན་རྟོག་པ་བརྒྱུགས་ཡོང་ནས་བུད་མེད་དེ་འཛིན་བཟུང་བྱས་པ་རེད།

 

     བུད་མེད་དེས་རླངས་འཁོར་ལ་བསྡད་རྗེས་དུག་རྫས་ཉོ་མཁན་དང་འབྲེལ་བ་བྱེད་འགོ་ཚུགས་པ་དང་། འཛིན་བཟུང་ལས་གཡོལ་ཆེད་བདལ་གཏོང་རླངས་འཁོར་འགེབསས་སྲུང་དུ་བྱས་པ་རེད། 

     ཁ་ལོ་བས་བུད་མེད་དེས་ལྐོག་ལྐོག་སུད་སུད་ངང་ཚོང་དངུལ་སྦས་པ་མཐོང་བ་དང་། ཁོ་མོས་ལྐོག་ཏུ་དམིགས་ཡུལ་དེ་མངོན་འགྱུར་བྱེད་དགོས་སྙམ་ཡང་། དོན་ངོ་མར་རང་མགོ་ཆུ་ལ་དྲངས་པ་ཞིག་རེད།

     ཁ་ལོ་བས་མཐར་བུད་མེད་དེ་དུག་འཚོང་མཁན་ཞིག་ཡིན་པ་ཐག་གིས་ཆོད་མོད། ཤ་བ་འཛིན་རྒྱུ་མེད་པར་ལུང་ཆུང་ཁྱི་སྒྲས་མི་བརྒྱང་བའི་ཆེད། ཐབས་མཁས་ཞི་ལྷོད་ཀྱིས་རླངས་འཁོར་མངགས་གཏོང་ཁང་དུ་བཏང་བ་རེད།

     མངགས་གཏོང་ཁང་དུ་སླེབས་རྗེས། ཁ་ལོ་བས་བུད་མེད་དེ་རླངས་འཁོར་དུ་བཅུག་པ་དང། ཐར་བུད་མེད་དེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་།

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

ཁ་ལོ་བས་འགྲུལ་པ་དེ་དུག་འཚོང་མཁན་ཡིན་པ་ཤེས་རྗེས་འདི་འདྲ་བྱས།

ཡུན་རིང་མ་སོང་གོང་། ཁྲུང་ཆིང་གི་བདལ་གཏོང་རླངས་འཁོར་ཁ་ལོ་བ་ཝང་ལགས་ཀྱི་རླངས་འཁོར་ནང་བུད་མེད་འགྲུལ་པ་ཞིག་བླུགས་ཡོད།