ལས་གནས་སུ་ལོག་རྗེས། བརྙན་མིག་ལས་ཨ་མའི་རྣམ་པ་འདི་མཐོང་།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་སྒྲིལ་རྗེས།
མི་མང་པོ་ཞིག་རང་ཡུལ་དང་བྲལ་ཏེ་ལས་གནས་ཐོག་ལོག་ཡོད།
ཨ་མ་རྒན་མོ་ཞིག་བུ་ཁྱིམ་དང་བྲལ་རྗེས་ཁེར་རྐྱང་དུ་མིག་ཆུ་ཤོར་བའི་
བརྙན་མཐོང་ཞིག་གིས་མི་གྲངས་ལས་འདས་པར་སེམས་འགུལ་ཐེབས།
སྤྱི་ཟླ་2ཚེས་18ཉིན།
སྐུ་ཞབས་མཱ་ལགས་དུས་ཆེན་རྗེས་སུ་ཕ་ཡུལ་ཅི་ལིན་ཞིང་ཆེན་པའེ་ཧྲན་གྲོང་ཁྱེར་དང་བྲལ་ཏེ།
བསྐྱར་དུ་ཅང་སུའུ་སུའུ་ཀྲུའུ་ཡི་ལས་གནས་ཐོག་ཕྱིར་ལོག
ཁྱིམ་ནས་བྲལ་ཏེ་རླངས་འཁོར་ལ་བསྡད་རྗེས།
ཁོང་གིས་ལྟ་སྐུལ་ཚོད་འཛིན་བརྙན་མིག་བརྒྱུད་ཁྱིམ་ལ་ལྟ་སྐབས།
ཁང་པའི་ཁུག་ཀྱོག་ཅིག་ཏུ་ཨ་མས་སྤྱན་ཆབ་བསིལ་བ་མཐོང་།
རྒྱུན་པར་སྤྲོ་སྣང་གིས་ཁེངས་པའི་ཨ་མའི་
ཁེར་རྐྱང་དང་སེམས་སྡུག་གི་རྣམ་པ་དེ་མཐོང་རྗེས།
སྐུ་ཞབས་མཱ་ལགས་ཀྱི་སེམས་སྡུག་ལ་སྦྱར་ཞིང་།
མིག་ཆུ་དབང་མེད་དུ་ཤོར།
གྱེས་ཁར་ཨ་མས་སེམས་མི་སྡུག་ཁུལ་གྱིས།
འཛུམ་དང་བཅས་རང་ལ་སྐད་ཆ་བཤད་པ་ཡིད་ལ་དྲན།
སྐུ་ཞབས་མཱ་ལགས་ཀྱིས།
ཨ་ཕ་2020ལོར་གློ་བུར་དུ་ཚེ་ལས་འདས་པས།
ཁྱིམ་དུ་ཨ་མ་གཅིག་པུ་ལས་མེད།
ལོ་འདིར། ཨ་མས་དཀའ་སྡུག་ཆེན་པོ་མྱངས་ཡོད།
ཨ་མའི་འཁྲིས་སུ་སྡོད་པའི་ཉིན་རེར།
རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུས་ཨ་མ་ཐུགས་སེམས་སྐྱིད་དུ་བཅུག
ད་ལྟ་རང་ཉིད་གློ་བུར་དུ་ཁ་བྲལ་བས།
ཨ་མའི་སེམས་སྟོང་སང་ངེར་གྱུར་ཡོད་ཅེས་བརྗོད།
བུ་ཕྲུག་ཚོས་དེ་སྔ་ཨ་མ་རང་གི་འཁྲིས་སུ་བསུ་བའི་སྐོར་ཐེངས་མང་གླེང་མོད།
ཨ་མ་དེ་ལྟར་ལ་མ་གོམས་པས། སྔར་བཞིན་ཕ་ཡུལ་དུ་བཞུགས།
སྐུ་ཞབས་མཱ་ལགས་ཀྱིས།
ད་ལོ་ངེས་པར་དུ་ཨ་མ་རང་གི་
འཁྲིས་སུ་བསུ་ཐབས་བྱ་རྒྱུ་ཡིན་ཞེས་བརྗོད།
བརྙན་མཐོང་ལ་བལྟས་རྗེས།
དྲ་གྲོགས་མང་པོས་རང་ཉིད་ཀྱང་སྐུ་ཞབས་མཱ་ལགས་དང་གཅིག་པ་ཡིན་ཞིང་།
ཁྱིམ་ནས་བྲལ་ཐེངས་རེར།
ཕ་མ་གཉིས་ལ་ལྟ་མི་ཕོད་པ་དང་།
གལ་ཏེ་ནུས་པ་ཡོད་ཚེ་ངེས་པར་དུ་ཕ་མ་རང་གི་འཁྲིས་སུ་བསུ་བར་མཛོད་ཅེས་བཤད་ཡོད།
གནམ་འོག་གི་ཕ་མའི་སེམས་པ་སྙིང་རེ་རྗེ།
རྒྱུན་པར་ཁྱིམ་དུ་ལོག་ནས་གཟིགས་པ་དང་།
ཕ་མ་གཉིས་པོར་ལྟ་རྟོག་མང་ཙམ་མཛོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། རིག་འཛིན་སྐྱིད།