ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཟླ་3པའི་ཚེས་15ཡི་གོང་པེ་ཅིང་དུ་ཕེབས་མཁན་ཚོས་དོ་སྣང་གནང་རོགས།

2021-02-22 18:43:00     责编:卓玛才让

     ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་པེ་ཅིང་དུ་ཕེབས་མཁན་རྣམས་ནས་རྒྱལ་སའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་དོ་སྣང་གནང་དགོས་པའི་དྲན་སྐུལ་བྱས་འདུག ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་མི་སྣ་པེ་ཅིང་དུ་ཕེབས་དུས་རྩ་དོན་ལྟར་ན་ངེས་པར་དུ་ས་གནས་དེ་གའི་ཞིང་ཆེན་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་པའི་ཆོག་མཆན་ཐོབ་དགོས་པ་མ་ཟད་ད་དུང་ཆུ་ཚོད་72ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་བསྣམས་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣ་སྤྱི་ཟླ་3པའི་ཚེས་15ཡི་གོང་དུ་མེ་འཁོར་ལ་བཞུགས་ནས་པེ་ཅིང་དུ་ཕེབས་མཁན་ཡིན་ན་པ་སེ་ཉོ་སའི་དྲན་སྐུལ་ལ་དོ་སྣང་གནང་དགོས་པ་མ་ཟད་པེ་ཅིང་དུ་མ་ཕེབས་གོང་གི་ཉིན་7ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་བསྣམས་དགོས། གལ་ཏེ་པེ་ཅིང་དུ་ཕེབས་མཁན་འགྲུལ་པའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཀྱི་དུས་ཚོད་ཡོལ་ཡོད་ཚེ། མེ་འཁོར་འབབ་ཚུགས་ཀྱི་པ་སེ་བཤེར་སའི་ལས་དོན་མི་སྣས་པ་སེ་བཤེར་མི་ཆོག འོན་ཀྱང་། འགྲུལ་པས་པ་སེ་ཕྱིར་སློག་པའམ་པ་སེའི་དུས་ཚོད་བསྒྱུར་ཆོག་གི་ཡོད། དེར་བརྟེན། བོད་ཁུལ་ནས་པེ་ཅིང་དུ་ཕེབས་མཁན་ཚོས་དྲན་སྐུལ་དེར་དོ་སྣང་གནང་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ཟླ་3པའི་ཚེས་15ཡི་གོང་པེ་ཅིང་དུ་ཕེབས་མཁན་ཚོས་དོ་སྣང་གནང་རོགས།

ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་པེ་ཅིང་དུ་ཕེབས་མཁན་རྣམས་ནས་རྒྱལ་སའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་དོ་སྣང་གནང་དགོས་པའི་དྲན་སྐུལ་བྱས་འདུག