ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོ་དང་རྒྱ་གར་དམག་གིས་ཐུག་འཕྲད་གྲོས་མོལ་བྱས་འདུག

2021-02-22 16:50:00     责编:卓玛才让

     སྤྱི་ཟླ་2པའི་ཚེས་20ཉིན། ཀྲུང་གོ་དང་རྒྱ་གར་དམག་གིས་མོ་རྡོ་དང་ཆུ་ཤུལ་ཞེས་ཟེར་བའི་ཐུག་འཕྲད་བྱེད་གནས་ཀྱི་ཀྲུང་གོའི་གཞོགས་དེར་དམག་དཔོན་རིམ་པའི་ཐུག་འཕྲད་གྲོས་མོལ་ཐེངས་བཅུ་པ་དེ་བྱས་པ་དང་། དེའི་གོང་མཚོ་མོ་ངང་ལག་རིང་མོའི་ཁུལ་གྱི་ཕྱོགས་གཉིས་པོའི་མདུན་ཕྱོགས་དམག་ཤུགས་ཀྱིས་ཕྱིར་བཤིག་རྒྱག་རེས་བྱས་པ་དེར་གདེང་འཇོག་ཡག་པོ་བྱས་པ་དང་། དེ་ནི་འཕེལ་རིམ་གལ་ཆེན་ཞིག་ཡིན་ཞིང་། དེས་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་ཀྱི་ནུབ་རྒྱུད་དོན་དངོས་ཚོད་འཛིན་ས་ཁུལ་གྱི་གནད་དོན་གཞན་དག་ཐག་གཅོད་བྱ་རྒྱུར་རྨང་གཞི་བཏིང་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད། ཕྱོགས་གཉིས་པོས་ནུབ་ཀྱི་དུམ་མཚམས་ཀྱི་དོན་དངོས་ཚོད་འཛིན་ས་ཁུལ་གྱི་གནད་དོན་གཞན་དག་ཐད་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བསམ་འཆར་བརྗེ་རེས་བྱས་ཡོད་པ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་བར་བྱུང་བའི་བཞེད་མཐུན་གལ་ཆེན་ལ་གཞིགས་ནས། མུ་མཐུད་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ཐོག ས་ཆ་དེའི་དུས་བབ་ཚོད་འཛིན་བརྟན་པོ་བྱ་རྒྱུ་དང་། བརྟན་པོ་དང་གོ་རིམ་ལྡན་པའི་ངང་ཕྱོགས་གཉིས་ཀས་དང་ལེན་བྱེད་པའི་ཐག་གཅོད་ཇུས་གཞི་ཞིག་འདོན་ཐུབ་པ་བྱས་ནས། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་མོས་མཐུན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཀྲུང་གོ་དང་རྒྱ་གར་དམག་གིས་ཐུག་འཕྲད་གྲོས་མོལ་བྱས་འདུག

སྤྱི་ཟླ་2པའི་ཚེས་20ཉིན། ཀྲུང་གོ་དང་རྒྱ་གར་དམག་གིས་མོ་རྡོ་དང་ཆུ་ཤུལ་ཞེས་ཟེར་བའི་ཐུག་འཕྲད་བྱེད་གནས་ཀྱི་ཀྲུང་གོའི་གཞོགས་དེར་དམག་དཔོན་རིམ་པའི་ཐུག་འཕྲད་གྲོས་མོལ་ཐེངས་བཅུ་པ་དེ་བྱས་པ་དང་།