ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཏོག་གསར་རིམས་ནད་དང་པོ་ཐོན་པའི་དུས་ཚོད་ལ་འགྱུར་བ་བྱུང་འདུག

2021-01-13 16:16:00     责编:桑吉卓玛

 

 

 

       སྤྱི་ཚེས་11ཉིན་དབྱི་ཐ་ལིའི《སྤྱི་མཐུན་རྒྱལ་ཁབ་ཚགས་པར》གྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ཐ་ལིའི་སྨི་ལན་སློབ་ཆེན་གྱིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཞིག་གིས་2019ལོའི་ཟླ་11ཚེས་10ཉིན་པགས་པའི་གཉན་ཚད་ཀྱི་ནད་རྟགས་མངོན་པའི(ལོ་25ལ་སླེབས་པའི་བུད་མེད་ནད་པ)གསོན་བཤེར་མ་དཔེ་ཞིག་གི་ནང་དུ་ཏོག་གསར་ནད་དུག་གི་གཞི་རྒྱུ་གསར་རྟོགས་བྱུང་ཡོད།

       གཞན་ཡང་ནད་པ་དེས་2020ལོའི་ཟླ་6པར་དྭངས་ཁྲག་ལ་ཞིབ་དཔྱད་བྱེད་སྐབས། ཁོང་མོར་ཏོག་གསར་ནད་དུག་གི་འགོག་རྫས་ཡོད་པ་བརྟག་དཔྱད་བྱུང་བ་རེད། སྨི་ལན་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་དེ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་མིའི་རིགས་ལ་ཏོག་གསར་ནད་དུག་འགོས་པའི་ནད་པ་སྔ་ཤོས་ཡིན་པའི་ངོས་འཛིན་བྱས་ཡོད། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

ཏོག་གསར་རིམས་ནད་དང་པོ་ཐོན་པའི་དུས་ཚོད་ལ་འགྱུར་བ་བྱུང་འདུག

སྤྱི་ཚེས་11ཉིན་དབྱི་ཐ་ལིའི《སྤྱི་མཐུན་རྒྱལ་ཁབ་ཚགས་པར》གྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ཐ་ལིའི་སྨི་ལན་སློབ་ཆེན་གྱི