ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཡོན་ལུང་ཕིང་འཁྱུག་དབྱིངས་སུ་ཞུགས་ཡོད་དམ།

2021-01-13 09:16:00     责编:卓玛才让

     སྤྱི་ཚེས་10ཉིན་མིང་ལ་“ཀྲུང་ཧྭ་གསར་སྦོལ་མཁན་ཡོན་ལུང་ཕིང་”ཞེས་པའི་འཁྱུག་དབྱིངས་ཞིག་ལ་ལམ་སེང་ལྟ་མཁན་མང་དུ་བྱུང་བ་དང་། ཆུ་ཚོད་ཁ་ཤས་ནང་རྒྱབ་སྐྱོར་བྱེད་མཁན་བྱེ་བ་ལྷག་ལས་བརྒལ།

      འོན་ཀྱང་། གསར་འགོད་པས་བདེན་མིན་ཞིབ་དཔྱད་བྱས་པ་བརྒྱུད། མིག་སྔར་རྒན་ཡོན་ལུང་ཕིང་ལགས་ཧའེ་ནན་སན་ཡ་ནན་ཧྥན་རྟེན་གཞིར་ཚན་ཞིབ་འགག་སྒྲོལ་གནང་བཞིན་ཡོད་པ་དང་། ཁོང་གིས་གནས་ཚུལ་འདི་དག་ཤེས་མེད་མོད། འོན་ཀྱང་ཁོང་གིས་དྲ་གྲོགས་ཚོར་སྤྲོ་བ་ཆེན་པོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འཁྱུག་དབྱིངས་ཀྱི་ཨང་རྟགས་ཐོ་འགོད་བྱེད་མཁན་ནི་ཀུང་སི་ག་གེ་མོ་ཞིག་ཡིན་པ་རེད།

     སྐུ་ཞབས་ཡོན་ལགས་ཚོད་ལྟའི་ལས་ལ་བྲེལ་བཞིན་པའི་སྐབས་དེར། མི་ཁག་གཅིག་གིས་དེ་ལས་ལྡོག་སྟེ་རང་ཉིད་དོ་སྣང་བྱ་ཡུལ་དུ་འགྱུར་བར་བྱེད། མི་རྣམས་ཀྱིས་བགྲེས་སོང་ཡོན་ལགས་ལ་གུས་བཀུར་དང་། ཚན་རིག་གི་སྙིང་སྟོབས་ལ་བརྩི་མཐོང་ཆེན་པོ་གནང་བའི་དད་སེམས་གཡར་ནས་དོ་ཁུར་བྱེད་མཁན་ཚུར་འགུག་དང་ཡིད་འགུག་བྱས་ན་འཚམ་པོ་འདུག་གམ།

     སྐུ་ཞབས་ཡོན་ལགས་ཀྱི་དུས་ཚོད་གསེར་ལས་དཀོན་པས་ཁྱེད་ཀྱིས་ད་དུང་ཁོང་ལ་ཐུགས་སུན་ཞུ་ཕོད་དམ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། སྒྲོལ་མ་སྐྱབས།

中央广播电视总台 央广网 版权所有

ཡོན་ལུང་ཕིང་འཁྱུག་དབྱིངས་སུ་ཞུགས་ཡོད་དམ།

སྤྱི་ཚེས་10ཉིན་མིང་ལ་“ཀྲུང་ཧྭ་གསར་སྦོལ་མཁན་ཡོན་ལུང་ཕིང་”ཞེས་པའི་འཁྱུག་དབྱིངས་ཞིག་ལ་ལམ་སེང་ལྟ་མཁན་མང་དུ་བྱུང་བ་དང་།