ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་ནག་ཆུ་ནས་ཧྲེན་དབྱང་དུ་བསྐྱོད་པའི་བུ་མོ་དང་བླངས་པ་ཞིག

2021-01-13 09:16:00     责编:卓玛才让

     སྤྱི་ལེ་4015ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ནས་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་བར་གྱི་བར་ཐག་ཡིན་ལ། དེས་ཏ་ལེན་གྱི་བུ་མོ་ཞིག་གི་ཧྲེན་དབྱང་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་འགོག་བྱེད་པའི་སྤྲོ་སེམས་ཀྱང་མཚོན་ཡོད།

 

     ལོ་27ལ་སླེབས་པའི་ཀའོ་དབྱང་ཧྲེན་དབྱང་བཟོ་ལས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་རྒྱལ་ཁབ་ཀྱི་བོད་སྐྱོར་འབོད་སྐུལ་དང་ལེན་བྱས་ནས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་ལས་ཀ་བྱེད་པར་བསྐྱོད་ནས་ལོ་ལྔ་ཕྱིན་ཡོད།

     སྤྱི་ཟླ་1ཚེས་6ཉིན། ཧྲེན་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དང་བླངས་པ་བསྡུ་བའི་བརྡ་ཐོ་བཏང་བ་དེ་ཀའོ་དབྱང་ནས་མཐོང་རྗེས་ལམ་སེང་མིང་ཐོ་བཀོད་ཡོད། དེ་སྔའི་འཆར་གཞི་ལྟར་ན་ཀའོ་དབྱང་ད་ལོའི་ལོ་གསར་སྐབས་ཕ་ཡུལ་དུ་ལོག་རྩིས་མེད་ཀྱང་། དང་བླངས་པ་བསྡུ་བའི་གནས་ཚུལ་ཐོས་རྗེས། ལོ་གཅིག་གི་ངལ་གསོའི་དུས་ཚོད་ཚང་མ་མཉམ་དུ་བསྣན་ནས་ཁྱོན་ཉིན་72རིང་ཕ་ཡུལ་དུ་ལོག་ནས་རོགས་རམ་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་གསུངས།

     སྤྱི་ཚེས་8ཉིན་གྱི་ཞོགས་པ་སྔ་མོ་ནས། དབུ་སྐྲ་ཐུང་ཐུང་བཞག་ཅིང་བྱ་བ་སྒྲུབ་སྐབས་གཤོགས་ཆེ་བའི་བུ་མོ་དེས། བྱ་སྤུའི་གྱོན་གོས་མཐུག་པོ་གཉིས་འཁྱེར་ཏེ་རླངས་འཁོར་དང་མེ་འཁོར། གནམ་གྲུ་བཅས་བསྡད་ནས་ཧྲེན་དབྱང་ལ་རོགས་སྐྱོར་བྱེད་པར་བསྐྱོད་པ་དང་། སྤྱི་ཚེས་9ཉིན་གྱི་དགོང་མོའི་ཆུ་ཚོད་8དང་སྐར་མ་34ཐོག་བུ་མོ་ཀའོ་དབྱང་བདེ་འཇགས་ངང་ཧྲེན་དབྱང་དུ་འབྱོར་བ་རེད།

     དུས་ཐུང་ངལ་གསོ་བརྒྱབ་རྗེས་ཁོ་མོ་ཉེན་ཁ་འབྲིང་བའི་གཞིས་ཁུལ་ཏེ་ཧྲེན་ཐེ་ཤིན་ཀུང་ཁྱིམ་གཞིས་སུ་བསྐྱོད་ནས་དང་བླངས་ལས་དོན་སྤེལ་འགོ་ཚུགས་པ་རེད།

     ཀའོ་དབྱང་གིས། གཞོན་ནུ་མང་པོ་ཞིག་དང་བླངས་པའི་དཔུང་ཁག་ནང་ཞུགས་ནས་རིམས་ནད་ལས་རྣམ་པར་རྒྱལ་ཆེད་ནུས་ཤུགས་འདོན་འདོད་ཡོད་ཀྱང་། མང་ཆེ་བ་ཡུལ་དུས་སོགས་དབང་གིས་འགྲོ་ཁོམ་མེད། ང་ལྟ་བུ་རིམས་འགོག་གི་འཐབ་ས་མདུན་མར་བསྐྱོད་ཐུབ་པ་ནི་ང་རང་གི་བསོད་ནམས་ཡིན་ཞེས་གསུངས།

     ཀའོ་དབྱང་གི་ལེ་དབར་8000གི་ལྡོག་བསྐྱོད་དེས་དྲ་གྲོགས་མང་པོ་ཞིག་སེམས་འགུལ་ཐེབས་པར་བྱས་པས། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཁྱེད་ལ་གུས་འདུད་ཞུ་ཞེས་བརྗོད་ཡོད།

     དོན་དངོས་ཐོག ཀའོ་དབྱང་དང་འདྲ་བའི་དང་བླངས་པ་ད་དུང་མང་པོ་ཡོད། དང་བླངས་པ་བསྡུ་བའི་བརྡ་ཐོ་བཏང་རྗེས་ཀྱི་དུས་ཐུང་ཉིན་གཅིག་དང་ཕྱེད་ཀའི་ནང་། ཧྲེན་དབྱང་གྲོང་ཁྱེར་ཐེ་ཤིས་ཆུས་སུ་ཅང་སུའུ་ཝུའུ་ཤིས་དང་ཧྲན་ཏུང་ལིན་དབྱི་སོགས་ས་ཁུལ་20ལྷག་ཙམ་ནས་ཡོང་བའི་ཁ་པར་དང་འཕྲིན་ཐུང་2000ལྷག་ཙམ་འབྱོར་ཡོད། ཐེ་ཤེས་ཆུས་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་མི་སྣ་ལུའུ་མེ་ཤུས་ཀྱིས་སེམས་འགུལ་ཐེབས་བཞིན། ཁ་པར་དེ་དག་འབྱོར་སྐབས་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག་ལ། རང་ཉིད་ནས་དམངས་སེམས་གཅིག་སྒྲིལ་ཞེས་པ་དེར་ངོས་འཛིན་དེ་བས་ཟབ་པ་ཐུབ་སོང་ཞེས་གསུངས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། འབྲུག་འཚོ་སྐྱིད།

中央广播电视总台 央广网 版权所有

བོད་ལྗོངས་ནག་ཆུ་ནས་ཧྲེན་དབྱང་དུ་བསྐྱོད་པའི་བུ་མོ་དང་བླངས་པ་ཞིག

དེས་ཏ་ལེན་གྱི་བུ་མོ་ཞིག་གི་ཧྲེན་དབྱང་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་འགོག་བྱེད་པའི་སྤྲོ་སེམས་ཀྱང་མཚོན་ཡོད།