ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཉེ་དུས་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ7ལ་ཆད་པ་བཅད་པ།

2021-01-13 09:15:00     责编:卓玛才让

     ཉེ་བའི་ཉིན་12ནང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ་7ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་བརྡ་ཁྱབ་བཏང་ཡོད། 

     དེ་ཡང་གྲུང་ཆིང་གྲོང་ཁྱེར་གྱི་དེ་སྔའི་གྲོང་སྤྱི་གཞོན་པ། སྤྱི་བདེ་ཅུད་ཀྱི་དེ་སྔའི་ཅུད་ཀྲང་ཏེང་ཧུད་ལིན་དང་། མཚོ་སྔོན་ཞིང་ཆེན་གྱི་དེ་སྔའི་འགོ་འཛིན་གཞོན་པ། མཚོ་ནུབ་ཁུལ་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི། ཚྭ་འདམ་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཧྲུའུ་ཅི་ཝུན་གོ་ཏུང་། ཀྲུང་གོ་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། སྤྱི་ཁྱབ་རྩིས་པ་ལུའུ་ཅ་མེང་། པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ལི་ཝི། ཧའི་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཝང་ཡུང་ཝང་ཡུང་བཅས་ཁག་སོ་སོས་སྒྲིག་སྲོལ་དང་ཁྲིམས་ལུགས་ལས་ཚབས་ཆེན་འགལ་བས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་དང་། དེ་སྔའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི། ལས་འཛིན་དཔོན་ཧུའུ་ཝིན་མིན་གྱིས་སྒྲིག་སྲོལ་དང་ཁྲིམས་ལུགས་ལས་ཚབས་ཆེན་འགལ་བས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུ་དང་། གཏན་འབེབས་ལྟར་ཁོ་པས་ལོངས་སྤྱོད་བྱེད་པའི་ཐོབ་ཐང་མེད་པ་བཟོ་རྒྱུ། ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ལེའུ་གོ་ཆང་གིས་སྒྲིག་སྲོལ་དང་ཁྲིམས་ལུགས་ལས་ཚབས་ཆེན་འགལ་བས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུ་བཅས་ཀྱི་བརྡ་ཁྱབ་བྱས་ཡོད།

     ཉེ་བའི་ཉིན་12ནང་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ་7ལ་ཆད་པ་བཅད་པའི་བརྡ་ཁྱབ་བྱས་པ་དེའི་ཐོག་ནས། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། སྤྱོད་དྲང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ། རྒྱུན་བསྲིང་ལྷོད་མེད་དང་བློ་བརྟན་འགྱུར་མེད་ཀྱིས་བསམ་བློའི་ཐད་ནན་པོ་དང་། ལྟ་སྐུལ་ནན་པོ། སྒྲིག་སྲོལ་ལག་བསྟར་ནན་པོ། བཅོས་སྐྱོང་ནན་པོ། སྤྱོད་ཚུལ་ནན་པོ། རུལ་རྒོལ་ནན་པོ་བཅས་ནན་པོའི་བྱེད་ཕྱོགས་ཡུན་རིང་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་ལེགས་པར་མཚོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། རིན་ཆེན་མཚོ།

中央广播电视总台 央广网 版权所有

ཉེ་དུས་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ7ལ་ཆད་པ་བཅད་པ།

ཉེ་བའི་ཉིན་12ནང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ་7ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་བརྡ་ཁྱབ་བཏང་ཡོད།