ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

པོ་ཏ་ལ།

2020-11-21 16:44:00     责编:桑吉卓玛
 

 

 

 

 

པོ་ཏ་ལ།

ཚིག བསྟན་འཛིན་ཆོས་གྲགས།

གདངས། བུ་ཆུང་།

གཞས་པ། ཆོས་འཕེལ།

བརྙན་འཇོག་ས། 

 

༼ ༡ ༽

    དུ་སྤྲིན་འདྲེས་མའི་དགུང་གི །  ཞོགས་པའི་ཉི་འོད་འོག་ཏུ། །   

    བརྗིད་ཆགས་ལྷ་ཡི་ཁང་བཟང་། །   པོ་ཏ་ལ་ཡི་ཕོ་བྲང་། །

    རི་རྒྱལ་ལྷུན་པོ་བཞིན་དུ། །  ལྷ་ལྡན་ས་ཡི་ལྟེ་བར། །

    བོད་མིའི་སྙིང་སྟོབས་རྒྱན་དུ། །  ཅི་འདྲའི་མཛེས་སྡུག་ལྡན་པ། །

    ཁྱེད་ནི་ས་ཡི་གོ་ལའི། །  རིན་ཆེན་ནོར་བུའི་ཏོག་ཡིན། །

    ཁྱེད་ནི་འགྲོ་བ་མི་ཡི། །   ངོ་མཚར་བློ་གྲོས་ཉིང་བཅུད། །

    ཨེ་མ་བོད་མིའི་སྤོབས་པ། །  གངས་ཅན་ཞིང་གི་གནས་མཆོག །

    ཁྱེད་ཀྱི་རླབས་ཆེན་གཟི་འོད། །   ཉི་ཟླའི་ཁྱོན་དུ་ཁྱབ་ཤོག །

 

༼ ༢ ༽

    དམར་པོ་རི་ཡི་འདབས་ནས། །   ཕོ་བྲང་མཇལ་ཐེངས་རེ་ལ། །

    ཆོས་རྒྱལ་སྐུ་དྲིན་ཅན་དེས། །  བོད་ཁམས་སྐྱོང་བ་དྲན་བྱུང་། །

    ཅི་འདྲའི་ལོ་ཟླ་མང་པོར། །  དྲག་ཆར་རླུང་འཚུབ་ཁྲོད་དུ། །

    བོད་མི་མི་རབས་དུ་མར། །  སེམས་ཀྱི་སྐྱོ་རོགས་གནང་ངམ། །

    ཁྱེད་ནི་སྲ་ཞིང་བརྟན་པའི། །   ཁ་བ་རི་པའི་བླ་སྲོག །

 

    ཁྱེད་ནི་བརྗིད་ཅིང་མཛེས་པའི། ། འཛམ་གླིང་ས་ཡི་རྒྱན་གཅིག །

    ཨེ་མ་བོད་མིའི་སྤོབས་པ། །   གངས་ཅན་ཞིང་གི་གནས་མཆོག ། 

    ཁྱེད་ཀྱི་རླབས་ཆེན་གཟི་འོད། །  ཉི་ཟླའི་ཁྱོན་དུ་ཁྱབ་ཤོག ། 

 

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ལྷག་པ།

བཟོ་སྒྲིག གངས་ཕྲུག་བློ་རྒྱ།

 

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

པོ་ཏ་ལ། ཚིག བསྟན་འཛིན་ཆོས་གྲགས། གཞས་པ། ཆོས་འཕེལ།

དུ་སྤྲིན་འདྲེས་མའི་དགུང་གི ། ཞོགས་པའི་ཉི་འོད་འོག་ཏུ། ། བརྗིད་ཆགས་ལྷ་ཡི་ཁང་བཟང་། ། པོ་ཏ་ལ་ཡི་ཕོ་བྲང་། །