ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྲོལ་རྒྱུན་རིག་གནས་རྒྱུན་ནས་རྒྱུན་དུ་བསྲིངས།

2020-11-21 16:28:00     责编:sangjzm

བོད་ལྗོངས་ནི་ཀྲུང་ཧྭའི་མི་རིགས་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་ཞིག་ཡིན། ཡུན་རིང་ནང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་མང་ཚོགས་ཀྱི་འཚོ་བ་དང་བོད་ཀྱི་དེང་རབས་ཅན་གྱི་གོང་འཕེལ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཏུ་གྲུབ་པའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད།

སློབ་ཆུང་སློབ་མ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་དཀྲོལ་བཞིན་པ།

ད་ལོའི་སྤྱི་ཟླ་6པར། བོད་ཀྱི་ལྷ་འབྲི་བ་ཞིག་གིས་བྲིས་པའི“རིམས་ནད”བརྗོད་དོན་དུ་བྱས་པའི་ཐང་ག་དེ་བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀུན་སེམས་གཅིག་ཏུ་སྒྲིལ་ནས། རིམས་ནད་འགོག་བཅོས་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་རི་མོར་བདམས་ཡོད། ཐང་ག་དེ་འབྲི་མཁན་བསྟན་པ་ཡོན་ཏན་ལགས་ནི་བོད་ལྗོངས་ཀྱི་རིམ་པ་གཉིས་པའི་ཐང་གའི་སྒྱུ་རྩལ་པ་དང་། ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྨན་ཐང་ལུགས་ཀྱི་ཐང་གའི་སྒྱུ་རྩལ་གྱི་གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད།

བསྟན་པ་ཡོན་ཏན་ལགས་ཀྱིས་རིམས་ནད་འགོག་བཅོས་ཀྱི་བརྗོད་དོན་གཙོ་བོའི་ཐང་ག་བཞེངས་བཞིན་པ།

1989ལོར། རང་ལོ་22ལ་སླེབས་པའི་བསྟན་པ་ཡོན་ཏན་ལགས་ཀྱིས་དགོན་སྡེའི་ལྡེབས་རིས་འབྲི་འགོ་བརྩམས་པ་དང་། གྲོང་ཚོར་ལོག་རྗེས་ཐང་ག་འབྲི་འདོད་ཡོད་པའི་དགེ་ཕྲུག་མང་པོ་ཉར་ཏེ་ཁོང་ཚོར་རི་མོ་འབྲི་སྟངས་བསླབས་ཡོད། སྦྱངས་པ་མཐར་དུ་ཕྱིན་པའི་དགེ་ཕྲུག་མང་པོ་ཞིག་གིས་རང་ཉིད་ཀྱི་རི་མོ་ཁང་བཙུགས་པ་དང་། ཁག་ཅིག་གིས་དགོན་སྡེར་ལྡེབས་རིས་བྲི་བར་བརྩམས་པ་དང་། དགེ་ཕྲུག་ཚོས་ཀྱང་རང་ཉིད་ཀྱི་དགེ་ཕྲུག་ཁྲིད་འགོ་ཚུགས་ཡོད།

བསྟན་པ་ཡོན་ཏན་ལགས་ཀྱིས་དགེ་ཕྲུག་ལ་ཐང་ག་འབྲི་སྟངས་ཁྲིད་བཞིན་པ།

བསྟན་པ་ཡོན་ཏན་ལགས་ཀྱིས་རྒྱུན་དུ་རི་མོ་ཁང་དུ་དགེ་ཕྲུག་ཚོར་སློབ་ཁྲིད་བྱས་ནས་ཁོང་ཚོས་ཐང་གའི་སྒྱུ་རྩལ་གྱི་ཤེས་བྱ་གང་མང་ཤེས་ཐུབ་པ་བྱེད་ཀྱི་ཡོད། ད་དུང་ལོ་ལྟར་གསོ་སྦྱོང་འཛིན་གྲྭ་གཉེར་ནས་མི་སྔར་བས་མང་བས་ཐང་གའི་སྒྱུ་རྩལ་ལ་རྒྱུས་མངའ་ཡོང་བྱེད་ཀྱི་ཡོད།

བསྟན་པ་ཡོན་ཏན་ལགས་ཀྱིས་གཉེར་བའི་ཐང་གའི་གསོ་སྦྱོང་འཛིན་གྲྭ།

2019ལོའི་ལོ་མཇུག་ལ་འགྲོ་ཕན་གླིང་ལ་ཞུགས་པའི་བདེ་གཡང་གིས་ལས་རོགས་ཚོ་མཉམ་དུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་དང་། སྔོག་འདོན། དབྱེ་ཞིབ། གདམ་གསེས་སོགས་བྱས་ནས་དེའི་རིན་ཐང་ལྡན་པའི་ནང་དོན་ཐོ་འགོད་དང་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་རྒྱུན་འཛིན་པའི་གཏམ་རྒྱུད་བརྗོད་པའི་དེབ་ཅིག་བཏོན་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་དང་། རྒྱུན་འཛིན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

བདེ་གཡང་གིས་མི་རིགས་ལག་ཤེས་ཐོན་རྫས་ཚོང་ཁང་བཏོན་བཞིན་པ།

2020ལོའི་ཟླ་5པར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག འགྲོ་ཕན་གླིང་ཨ་ཅག་གི་སློབ་ཁང་། སྡེ་ཁུལ་གྱི་བཟོ་གྲྭ་ཞེས་པ་ལྷ་སར་བཙུགས་ནས་བུད་མེད་ཀྱི་ལས་གཏོད་ལས་ཞུགས་ཀྱི་བར་མཐོངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད། སློབ་ཁང་གི་སློབ་ཁྲིད་དང་། བརྒྱུད་རིམ་ནང་སྦྱོང་། ས་ཡུལ་དངོས་ཀྱི་སྦྱོང་བརྡར་བཅས་བརྒྱུད་ནས་སྡེ་ཁུལ་བུད་མེད་ཀྱིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་བྱས་ནས་ཁོང་ཚོ་ལས་ཞུགས་ཐུབ་ཚད་དང་ངལ་ནུས་ཡོང་འབབ་འཕར་བ་བྱས་ཡོད།

བུད་མེད་ཚོ་2020ལོའི་བསླས་འཐག་འཛིན་གྲྭར་གསོ་སྦྱོང་ལ་ཞུགས་པ།

གནའ་སྐྲུན་སྒོ་ར་ཆེན་མོའི་ཐོག་ས་གཉིས་པར་ལྷ་སའི་སྡེ་ཁུལ་གྱི་བཟོ་གྲྭ་ཐོག་མ་ཡོད་པ་དང་། དེའི་ནང་ཉིན་ལྟར་བོད་རིགས་བུད་མེད་ཚོའི་བྲེལ་འཚུབ་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་ཚོས་ལག་ནང་གི་བལ་སྐུད་དེ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་རེ་རེར་འགྱུར་བཞིན་ཡོད།

ཨ་ཅག་གི་སློབ་ཁང་། སྡེ་ཁུལ་གྱི་བཟོ་གྲྭ་ཞེས་པ་བཙུགས་པ་ནས་དྲ་ཐོག་ཏུ་སྐད་གྲགས་ཆེ་བའི་མཛེས་ལྗོངས་ཁུལ་དུ་གྱུར་བའི་བར། རྣམ་གྲངས་5རེ་ཞུ་དང་། འགན་འཁུར་བ། ཐེ་ཞུགས་བྱེད་པ་སོགས་ཀྱི་བརྒྱུད་རིམ་ལས་ངས་དེ་ནི་དཀའ་ངལ་ཆེ་བའི་ལས་ཀ་ཞིག་ཡིན་པ་ཤེས་བྱུང་། འོན་ཀྱང་དེའི་དོན་སྙིང་ནི་ངས་རྩ་ཆེན་ཞིག་ཏུ་འཛིན་གྱི་ཡོད། ང་ཚོས་མུ་མཐུད་རིག་གནས་ཀྱི་ནང་དོན་ལེགས་སྒྲིག་དང་། བཅུད་ལེན་བྱས་ཏེ་གསར་རྩོམ་ཐེངས་མང་བྱས་ནས་དེང་རབས་ཀྱི་འཚོ་བ་དང་འཚམ་པའི་ཐོན་རྫས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་ཞེས་བདེ་གཡང་གིས་བཤད་འདུག

བདེ་གཡང་གིས་སྣེ་ཁྲིད་པའི་ཚོགས་ཆུང་དེའི་བོད་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས།

བདེ་གཡང་གིས་སྣེ་ཁྲིད་པའི་ཚོགས་ཆུང་དེའི་མི་རིགས་ལག་ཤེས་ཐོན་རྫས་ཀྱི་ཚོང་ཁང་ལྷ་སའི་གྲོང་ཁུལ་རྙིང་པའི་ཁུག་ཀྱོག་ཅིག་ཏུ་ཡོད་མོད། འོན་ཀྱང་ལག་ཤེས་ཐོན་རྫས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པས་ཆེད་མངགས་ཉོ་བར་ཡོང་མཁན་མི་ཉུང་བ་ཞིག་ཡོད། ཚོང་ཁང་ནང་འཇུན་པ་ཉ་པའི་གྲོང་ཚོའི་ཀོ་ཆས་དང་། ལྷ་སའི་སྲང་ལམ་དུ་བཟོས་པའི་རས་ཀྱི་ཨ་ལད་པད་ཀོག པ་སྣམ་གྱི་དབང་ལྡན་གྲུམ་ཟེ་སོགས་བོད་ལྗོངས་ས་གནས་ཁག་ནས་ཐོན་པའི་ཉེར་མཁོའི་ལག་ཤེས་ཐོན་རྫས་མང་པོ་ཡོད།

ཡུལ་སྐོར་བས་ཚོང་ཁང་ནང་དུ་ལག་ཤེས་ཐོན་རྫས་ཉོ་བཞིན་པ།

ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཀྱི་གཙོ་གནད་རོགས་སྐྱོར་རྣམ་གྲངས་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཁག་ཅིག་ལག་བསྟར་བྱས་ཐོག མི་སྔར་བས་མང་བ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་སྣང་ཚོར་བ་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་རིག་གནས་མིང་བྱང་ལེགས་པར་བཏོད་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་ཚུགས།
ཞུ་དག ལྷག་པ།
སྒྲིག་སྒྱུར། བསྟན་འཛིན།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

སྲོལ་རྒྱུན་རིག་གནས་རྒྱུན་ནས་རྒྱུན་དུ་བསྲིངས།

ཨ་ཅག་གི་སློབ་ཁང་། སྡེ་ཁུལ་གྱི་བཟོ་གྲྭ་ཞེས་པ་བཙུགས་པ་ནས་དྲ་ཐོག་ཏུ་སྐད་གྲགས་ཆེ་བའི་མཛེས་ལྗོངས་ཁུལ་དུ་གྱུར་བའི་བར། རྣམ་གྲངས་5རེ་ཞུ་དང་། འགན་འཁུར་བ། ཐེ་ཞུགས་བྱེད་པ་སོགས་ཀྱི་བརྒྱུད་རིམ་ལས་ངས་དེ་ནི་དཀའ་ངལ་ཆེ་བའི་ལས་ཀ་ཞིག་ཡིན་པ་ཤེས་བྱུང་། འོན་ཀྱང་དེའི་དོན་སྙིང་ནི་ངས་རྩ་ཆེན་ཞིག་ཏུ་འཛིན་གྱི་ཡོད། ང་ཚོས་མུ་མཐུད་རིག་གནས་ཀྱི་ནང་དོན་ལེག