ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

པོ་དབྱིན737MAXགནམ་གྲུ་བསྐྱར་འཕུར་བྱེད་པའི་ཐད་ཀྲུང་གོས......

2020-11-21 15:48:00     责编:sangjzm

པོ་དབྱིན737MAXགནམ་གྲུ་བསྐྱར་འཕུར་བྱེད་པའི་ཐད་ཀྲུང་གོས་རྣམ་འགྱུར་བསྟན་པ།

ཨ་རིས་པོ་དབྱིན་737MAXརྟགས་ཅན་གནམ་གྲུ་བསྐྱར་འཕུར་བྱེད་པའི་ཆོག་མཆན་སྤྲད་པར་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རྣམ་འགྱུར་བསྟན་པ།

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་18ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུས་ཀྱིས་པོ་དབྱིན་737MAXརྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་བསྐྱར་དུ་འཕུར་བར་དངོས་སུ་ཆོག་མཆན་སྤྲད་ཡོད་ཅེས་བསྟན་ཡོད། གནས་ཚུལ་དེར་དམིགས་ནས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས། གནམ་གྲུ་དེ་རིགས་བསྐྱར་དུ་འཕུར་བའི་དུས་ཚོད་རེའུ་མིག་བཟོས་མེད་པ་དང་དེའི་སྔོན་གྱི་རྩ་དོན་གསུམ་ལ་འགྱུར་བ་མེད་པ་སྟེ། གནམ་གྲུའི་ཇུས་འགོད་བཟོ་བཅོས་ལ་ངེས་པར་དུ་མཁའ་འགྲུལ་དང་འཚམ་པའི་ཆོག་མཆན་ཐོབ་དགོས་པ་དང་། ཁ་ལོ་བར་ངེས་པར་དུ་སྦྱོང་བརྡར་ངེས་ཅན་ཐོབ་དགོས་པ། དོན་རྐྱེན་གཉིས་ཀྱི་བརྟག་དཔྱད་མཇུག་འབྲས་ངེས་པར་དུ་གསལ་པོ་དང་། ལེགས་བཅོས་བྱེད་ཐབས་ཀྱང་ནུས་ལྡན་ཡིན་དགོས་བཅས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག དབང་འདུས།
སྒྲིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

པོ་དབྱིན737MAXགནམ་གྲུ་བསྐྱར་འཕུར་བྱེད་པའི་ཐད་ཀྲུང་གོས......

པོ་དབྱིན737MAXགནམ་གྲུ་བསྐྱར་འཕུར་བྱེད་པའི་ཐད་ཀྲུང་གོས......