ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལོ་16རིང་ཁྲག་ཐེངས་200ཕུལ་བས......

2020-11-21 15:47:00     责编:桑吉卓玛

ལོ་16རིང་ཁྲག་ཐེངས་200ཕུལ་མཁན་དགེ་རྒན་ཆེན་མོར་ཀུན་གྱིས་དོ་སྣང་བྱས།   

 

 ལོ་16རིང་ཁྲག་ཐེངས་200ལ་ཕུལ་ཞིང་།

 ཕུལ་བའི་ཁྲག་གི་མང་ཉུང་ཧའོ་ཧྲེང་84900ཟིན་པའི་དོན་འདི།

ཤིན་ལང་པོད་ཕྲན་ཐོག་གི་གསར་འགྱུར་ཆེ་ཤོས་གྲས་སུ་གྱུར།

 

 

ཁོང་གིས་

སློབ་མར་སློབ་ཁྲིད་ལེགས་པོ་གནང་ཞིང་།

ཁྱེད་རང་ལོ་ཁཱ་རི་བོའི་ཐོག་བསྡད་ནས།

འཛམ་གླིང་ཡོངས་མཐོང་བར་བྱེད་དུ་བཅུག

 

ཁོང་ནི་  

གསོན་ཤུགས་ཀྱིས་ཁེངས་ཤིང་།

 “ལོ་ཁཱ་རྒྱུག་ཤར་ཚོགས་པའི་” ཁོངས་མི་ཡིན།

ལོ་51ལ་སླེབས་སྐབས་མི་ཚེའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་དང་པོར་ལེགས་གྲུབ་ཟིན།

ཁོང་ནི་

ཝུའུ་ཧན་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་།

འབུམ་རམས་པའི་སློབ་དཔོན་གཅིག་ལྕོགས་

ཕན་ཡིང་ཁྲུན་རེད།

 

སེམས་པ་བཟང་ཞིང་སེམས་རྩ་འཁོལ་བ་དང་།  

ལོ་16རིང་ཁྲག་ཐེངས་200ཕུལ།

 

ཝུའུ་ཧན་གྲོང་ཁྱེར་ཁྲག་རྒྱུན་ལྟེ་གནས་སུ། 

སྤྱིར་བཏང་གི་ས་ཆ་འདིར་སྤྱིར་བཏང་མིན་པའི་མི་ཚོགས་ཤིག་ཡོད།

 

       ཁྲག་འབུལ་ཁང་ནང་རྐུབ་སྟེགས་རྣམ་པའི་ཁྲག་ལེན་འཕྲུལ་ཆས་དཀར་པོ་ཞིག་ཡོད། ཁྲག་ལེན་སྨན་དོན་མི་སྣས་ཁབ་དེ་ཁྲག་ཕུལ་མཁན་གྱི་ཁྲག་རྩར་བརྒྱབ་རྗེས། ཁྲག་དམར་ནག་དེ་གཤེར་འདྲེན་སྦུ་གུ་བརྒྱུད་ནས་མགྱོགས་མྱུར་ངང་ཁྲག་གསོག་ཁུག་མར་རྒྱུག་པ་དང་། ལས་དོན་མི་སྣས་ཁྲག་གསོག་ཁུག་མ་ཐག་གཅོད་ཡག་པོ་བྱས་རྗེས་ཁྲག་མཛོད་ནང་བླུགས་གི་ཡོད་པས།  ཁྲག་འབུལ་ཐེངས་གཅིག་ལེགས་གྲུབ་ཟིན་ཡོད།

       དེ་ལྟ་བུའི་བརྒྱུད་རིམ་དེ་ཕན་ཡིང་ཁྲུན་གྱིས་ཐེངས་200བརྒྱུད་མྱོང་བ་དང་། ཕུལ་བའི་ཁྲག་ཁྱོན་ཧའོ་ཧྲེང་84900ཟིན་ཡོད་པས། དེས་མི་350ཡི་ཚེ་སྲོག་སྐྱོབ་ཐུབ།

 

       ཆེད་ལས་མིན་པའི་མི་སྣས་ཕན་ཡིང་ཁྲུན་གྱི་ཁྲག་ཕུལ་བའི་བརྒྱུད་རིམ་ལ་གོ་ནོར་དང་དོགས་འདྲི་ཡང་བྱེད་སྲིད།  དོན་དངོས་སུ། ཁོང་མོས་ཕུལ་བ་ནི་གྲུབ་ཆའི་ཁྲག་ཡིན་ལ། གཙོ་བོ་ཁྲག་ནང་གི་ཁྲག་ལེབ་ཆུང་བ་ཡིན། སྤྱིར་བཏང་མི་དར་མ་ཞིག་གི་ལུས་པོར་ཁྲག་ལེབ་ཆུང་བ་ཧ་ཅང་མང་ཞིང་། དེ་ཕུལ་བར་སྤྱིར་བཏང་ཁྲག་ཕུལ་མཁན་གྱི་ལུས་པོར་གནོད་པ་བཟོ་གི་མེད།

 

       རིམས་ནད་ཐོན་རིང་། ཕན་ཡིང་ཁྲུན་གྱིས་སྔར་བཞིན་གོམས་གཤིས་དེ་རྒྱུན་འཁྱོངས་བྱས་ཏེ། སྔ་རྗེས་སུ་ཝུའུ་ཧན་ཁྲག་རྒྱུན་ལྟེ་གནས་ཀྱི་ཅང་ནན་ཡན་ལག་ལྟེ་གནས་སུ་ཐེངས་5ལ་ཕེབས་ནས་ཁྲག་ཕུལ་གནང་ཡོད། སྐབས་ཤིག་རིང་། ཝུའུ་ཧན་གྱི་ཁྲོམ་གཞུང་སྟོང་ལྷང་ལྷང་དུ་གྱུར་མོད། ཁོང་ཁྲག་འབུལ་བར་སྐྱོད་པའི་ལམ་བར་དུ་རྒྱུས་མངའ་ཡོད་པའི་བློ་མཐུན་དང་འཕྲད་ཅིང་། ཁོང་ཚོས་ནད་ཡམས་ཐོན་རིང་ཁྲག་འབུལ་རྒྱུ་རྒྱུན་འཁྱོངས་བྱས་པ་ཤེས་རྗེས་ཁོང་སེམས་འགུལ་ཆེན་པོ་ཐེབས་ཡོད།

       མི་སྔར་བས་མང་བས་ཁྲག་འབུལ་བའི་ནུས་པ་གལ་ཆེན་ཤེས་རྟོགས་ཐུབ་པ་དང་། ཁྲག་འབུལ་བར་གོ་ནོར་ཐེབས་པ་དེ་སེལ་བ། ཁྲག་འབུལ་མཁན་དཔུང་ཁག་ནང་ཞུགས་པ་བཅས་ནི་ཕན་ཡིང་ཁྲུན་གྱིས་མཐོང་འདོད་པ་དེ་ཡིན་ཞིང་། ཁོང་གི་བྱ་སྤྱོད་ཀྱིས་ལས་རོགས་དང་སློབ་མ་མང་པོ་ཁྲག་འབུལ་རུ་ཁག་ནང་ཞུགས་རྒྱུར་ཡིད་འགུག་བྱས་ཡོད།

       དགེ་རྒན་ཆེན་མོ་ཕན་ཡིང་ཁྲུན་ལ་ཐོབ་པའི་རིན་མེད་ཁྲག་འབུལ་དཔང་ཡིག་དང་བཀའ་དྲིན་ཞུ་ཡིག་ཁག་གཅིག

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག དབང་འདུས།

ཡིག་སྒྱུར། རིག་འཛིན་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ལོ་16རིང་ཁྲག་ཐེངས་200ཕུལ་བས......

ལོ་16རིང་ཁྲག་ཐེངས་200ཕུལ་བས......