ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

འབྲུག་ལོ་རེར་བསྡད་ན་ཇེ་གྲགས་རེད།

2020-11-21 12:21:00     责编:sangjzm

སྤྱི་ཟླ་11ཚེས་20ཉིན་གྱི་དགོང་མོ། དུས་ཡུན་ཟླ་5རིང་གི་ཇུས་འགོད་དང་འགྲན་སྡུར་བྱས་པ་བརྒྱུད། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ་སྒྲ་སྙན་རྡུང་ལེན་དང་བོད་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་སྟོད་གཞས་དང་། ནག་ཆུའི་དམངས་གླུ། བདེ་ཆེན་གྱི་འབའ་གཞས། རྒྱལ་རོང་གི་སྐོར་བྲོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ལེ་ཚན་འཁྲབ་སྟོན་ཁྲོད་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་འགྲིལ་བ་རེད།

རྡུང་ལེན་འགྲན་སྡུར་གྱི་དྲིལ་བསྒྲགས་བརྙན་ཡོལ།

གཞས་པ་སྒྲོལ་མ་སྐྱབས་ཀྱིས་གླུ་སྙན་མོ་ངག་ལ་འགུག་བཞིན་པ།

མཚོ་སྔོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་འཕྲིན་སྒྱུར་བསྐྲུན་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་འཁུར་བའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་ད་ལོའི་སྤྱི་ཟླ་6ཚེས་18ཉིན་འགོ་ཚུགས་པ་དང་། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དང་། མཚོ་ལྷོ། རྨ་ལྷོ། ཀན་སུའུ་ཞིང་ཆེན་གྱི་གཙོད་གྲོང་ཁྱེར་དང་། ཀླུ་ཆུ། སི་ཁྲོན་ཞིང་ཆེན་གྱི་རྔ་བ་བཅས་སུ་འཚོགས་ཡོད་པ་རེད།

ཡུལ་དངོས་ཀྱི་ལེ་ཚན་གཙོ་སྐྱོང་བ་རྒན་ཚེ་མགོན་སོགས།

ཕ་ཡུལ་ཆིན་ཏའོ་ནས་ཡིན་པའི་རྒྱ་རིགས་བུ་མོ་ཝན་ཝན་སྟེས་དབང་ཞིག་གིས་བོད་ཀྱི་སྒྲ་སྙན་རྡུང་ལེན་དང་ལས་འབྲེལ་བྱུང་ཞིང་། སྒྱུ་རྩལ་དེ་ཉིད་ཀྱིས་ཁོང་གི་ཡིད་སེམས་དབང་མེད་དུ་བཀུག་པས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རང་སྦྱོང་ལ་བརྟེན་ནས་ཐེངས་འདིའི་དགོང་ཚོགས་ཐོག་ཡུལ་དངོས་དང་དྲ་ཐོག་གི་ལྟད་མོ་བ་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།


ཝན་ཝན་གྱིས་རྡུང་ལེན་བྱེད་བཞིན་པ།

སྤྱི་ཟླ་7ཚེས་30ཉིན་ཐོག་མའི་འགྲན་སྡུར་གྱི་ཡོངས་འདེམས་ལེགས་གྲུབ་ཟིན་པ་དང་འགྲན་ཞུགས་པ་76བསྐྱར་འགྲན་ཁྲོད་ཞུགས། སྤྱི་ཟླ་10ཚེས་17ཉིན་ནས་ཚེས་19ཉིན་བར་འགྲན་ཞུགས་པ་60ཟི་ལིང་དུ་བསྐྱར་འགྲན་ནང་ཞུགས་པ་དང་མི་20རྟིང་རྩོད་འགྲན་སྡུར་ནང་ཞུགས། སྤྱི་ཟླ་11ཚེས་14ཉིན་ནས་ཚེས་16ཉིན་བར་གྱི་རྟིང་རྩོད་འགྲན་སྡུར་ཐེངས་གསུམ་བརྒྱུད་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་སྐལ་བཟང་བཀྲ་ཤིས་ལ་ཨང་དང་པོ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་དཀོན་མཆོག་སྐྱབས་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རྫོང་གི་བསམ་ཁོ་གཉིས་ལ་ཨང་གཉིས་པ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་རྟ་མགྲིན་རྡོ་རྗེ་དང་། མཚོ་སྔོན་ཞིང་ཆེན་འབའ་རྫོང་གི་འཕགས་མོ་སྒྲོལ་མ། རྐང་ཚ་རྫོང་གི་དཔའ་ཆེན་རྡོ་རྗེ་བཅས་ལ་ཨང་གསུམ་པ་ཐོབ་ཡོད་པ་རེད།

དགོང་ཚོགས་ཀྱི་ཡུལ་དངོས།

བརྙན་མིག་ནང་གི་དགོང་ཚོགས་ཀྱི་ཡུལ་དངོས།

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་གར་སྟེགས་ཐོག འགྲན་ཞུགས་པ་མི་600ཙམ་གྱིས་གདོད་མའི་སྣོད་བཅུད་ཀྱི་བྲོ་བ་ལྡན་པ་དང་སྙན་ཞིང་འཇེབས་པའི་བཀྲ་ཤིས་པའི་གླུ་དབྱངས་བླངས་ནས་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་བསྟོད་གླུ་ཕུལ་བ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་བྱས་ནས་མ་ཡུམ་མེས་རྒྱལ་ལ་རང་ཉིད་ཀྱི་མཛའ་བརྩེ་མཚོན་པར་བྱས་ཡོད།

དགོང་ཚོགས་ཀྱི་ཡུལ་དངོས།

དགོང་ཚོགས་ཀྱི་ཡུལ་དངོས།

ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོ་འདིའི་འགྲན་བསྡུར་ཧྲིལ་པོ་དྲ་རྒྱའི་དྲིལ་བསྒྲགས་དང་དྲ་རྒྱའི་ཐད་གཏོང་ལས་སྟེགས་གཙོ་བོར་བྱས་ནས་སྤེལ་བ་དང་། དྲ་ཐོག་རྡེབ་ཚད་མི་ཐེངས་ཁྲི་1000ཙམ་ཟིན་པ་དང་། རྒྱ་ཆེའི་གསན་གཟིགས་གནང་མཁན་དང་དྲ་གྲོགས་ཚོས་དེ་ནི་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་བརྟན་དུ་བཏང་ནས་བོད་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་རྒྱུན་འཛིན་བྱས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་དགོངས་ཚོགས་གཟབ་རྒྱས་ཤིག་རེད་ཅེས་བརྗོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
གསར་འགོད་པ། རྡོ་ཐར།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

འབྲུག་ལོ་རེར་བསྡད་ན་ཇེ་གྲགས་རེད།

སྤྱི་ཟླ་11ཚེས་20ཉིན་གྱི་དགོང་མོ། དུས་ཡུན་ཟླ་5རིང་གི་ཇུས་འགོད་དང་འགྲན་སྡུར་བྱས་པ་བརྒྱུད། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ་སྒྲ་སྙན་རྡུང་ལེན་དང་བོད་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་སྟོད་གཞས་དང་། ནག་ཆུའི་དམངས་གླུ། བདེ་ཆེན་གྱི་འབའ་གཞས། རྒྱལ་རོང་གི་སྐོར་བྲོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ལེ་ཚན་