ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བུད་མེད་ཅིག་ཁྱོ་ག་དང་ཁྱོ་གའི་ཁྱིམ་མིས་མནར་གཅོད་བཏང་ནས་བསད་རྗེས།

2020-11-20 17:14:00     责编:sangjzm

སྤྱི་ཟླ་11པའི་ཚེས་19ཉིན། ཧྲན་ཏུང་ཏེ་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧྲན་ཏུང་ཏེ་ཀྲོའུ་ཡི་བུད་མེད་ཅིག་མནར་གཅོད་བཏང་ནས་བསད་པའི་གྱོད་གཞིའི་གནས་ཚུལ་དང་འབྲེལ་ཡོད་ཀྱི་བརྡ་ཁྱབ་སྤེལ་ཡོད།

བརྡ་ཁྱབ་ནང་། ཐོག་མའི་འདྲི་གཅོད་བྱེད་སྐབས་ཡོངས་བསྒྲགས་ཐོག་ཁྲིམས་ར་འཚོགས་ནས་འདྲི་གཅོད་མ་བྱས་པ་ནི། ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་གཏུག་བཤེར་གོ་རིམ་དང་འགལ་བས། ཐོག་མའི་ཁྲིམས་བཅད་རྩིས་མེད་གཏོང་རྒྱུའི་ཁྲུན་ཐག་བཅད་ཅིང་། ཡུས་ཁྲིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་བསྐྱར་དུ་འདྲི་གཅོད་བྱ་རྒྱུའི་རྩིས་སྤྲད་ཡོད་པ་དང་། ཏེ་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡུས་ཁྲིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་ལྟར་ཡོངས་བསྒྲགས་དང་དྲང་བཞག་སྒོས་འདྲི་གཅོད་བྱ་རྒྱུར་འགན་སྲུང་བྱ་རྒྱུ་ཡིན་ཞེས་བསྟན་འདུག

ལོ་ན་22ལ་སོན་པའི་བུད་མེད་ཅིག་ཁྱོ་ག་དང་སྒྱུག་པོ་སྒྱུག་མོས་མནར་གཅོད་བཏང་ནས་བསད་པ།

སྤྱི་ལོ་2019ལོའི་ཟླ་1ཚེས་31ཉིན། ཧྲན་ཏུང་ཏེ་ཀྲོའུ་ཕིང་ཡོན་རྫོང་ཧྥང་ཀྲོང་གྲོང་ཚོའི་བུད་མེད་ཧྥང་ཆེ་གེ་མོ་མནར་གཅོད་ཕོག་ནས་འཆི་བ་དང་། སྐབས་དེར་ལོ་22ལ་སོན་ཙམ་ཡིན། སྤྱི་ལོ་2019ལོའི་ཟླ་11པར། གྱོད་གཞི་དེར་ཧྲན་ཏུང་ཡུས་ཁྲིན་གྲོང་ཁྱེར་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས།

ཞུ་གཏུག་ཡི་གེ་ལས་མངོན་པར། གནོད་འཚེ་ཕོག་མཁན་ཧྥང་ཆེ་གེ་མོའི་གཟུགས་གཞིས་རྐྱེན་པས་ཧྥང་ཆེ་གེ་མོའི་ཁྱོ་གའི་ཁྱིམ་མི་དང་འགལ་བ་བྱུང་བའི་རྐྱེན་གྱིས། སྤྱི་ལོ་2018ལོའི་ཟླ་7པ་བཟུང་། ཧྥང་ཆེ་གེ་མོའི་ཁྱོ་ག་ཀྲང་ཆེ་གེ་མོ་དང་། སྒྱུག་པོ་ཀྲང་ཆེ་གེ་མོ། སྒྱུག་མོ་ལེའུ་ཆེ་གེ་མོ་བཅས་ཀྱིས་ཧྥང་ཆེ་གེ་མོར་ལྟོ་མི་སྟེར་བ་དང་། དབྱུག་པས་འབྲབ་པ། དགུན་དུས་སྒོ་ཕྱིར་འབུད་པ་སོགས་ཀྱི་མནར་གཅོད་བཏང་ཡོད།

གྱོད་གཞི་བྱུང་བའི་ཉིན་དེར། ཧྥང་ཆེ་གེ་མོའི་ཁྱོ་ག་དང་སྒྱུག་པོ་སྒྱུག་མོ་ཡིས་ཧྥང་ཆེ་གེ་མོར་གཅར་རྡུང་བྱས་ནས་བསད། གསལ་འབྱེད་བྱས་པ་བརྒྱུད། གནོད་འཚེ་ཕོག་མཁན་ལ་འཚོ་བཅུད་མི་འདང་བའི་ཁར་ལུས་ལ་རྨས་སྐྱོན་བཟོ་བའི་དངོས་པོ་ཐེངས་མང་ཕོག་པའི་དབང་གིས་གྲོངས་ཡོད་པ་རེད།

ཧྲན་ཏུང་ཡུས་ཁྲིན་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཧྥང་ཆེ་གེ་མོའི་ཁྱོ་ག་དང་སྒྱུག་པོ་སྒྱུག་མོའི་བྱ་སྤྱོད་ཉེས་ཁྲིམས་དང་འགལ་བས། མནར་གཅོད་བཏང་བའི་ནག་ཉེས་སུ་བརྩིས་ནས་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་འོས་པའི་ངོས་འཛིན་བྱས་ཡོད།

ཁྲིམས་ཁང་གི་འདྲི་གཅོད་ཐེངས་དང་པོས་སྒོར་ཁྲི་5གུན་གསབ་ཏུ་སྤྲོད་དགོས་པའི་ཁྲུན་ཐག་བཅད་པ།

སྤྱི་ལོ་2020ལོའི་ཟླ་1པའི་ཚེས་22ཉིན། ཡུས་ཁྲིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཐེངས་དང་པོ་ལས། ཞུ་སྦྱོར་ཕྱི་མ་ཁྲིམས་ལ་སྦྱར་རྗེས་ཉེས་བསགས་དོན་དངོས་ཇི་མ་ཇི་བཞིན་དུ་ངོས་ལེན་བྱས་པ་མ་ཟད། རང་མོས་ངང་གུན་གསབ་སྒོར་ཁྲི་5སྔོན་ལ་སྤྲད་པས། ཉེས་ཆད་ཡང་དུ་གཏོང་བའི་ཐག་བཅད་ཅིང་། ཀྲང་ཆེ་གེ་མོས་མནར་གཅོད་བཏང་བའི་ནག་ཉེས་བསགས་པས་ལོ་གསུམ་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་། ལེའུ་ཆེ་གེ་མོས་མནར་གཅོད་བཏང་བའི་ནག་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་གཉིས་བྱ་རྒྱུའི་ཁྲུན་ཐག་བཅད་པ། ཕྱི་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོས་མནར་གཅོད་བཏང་བའི་ནག་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ་གཉིས་བྱ་རྒྱུ་དང་། ཁྲིམས་ཆད་འཁུར་རྒྱུ་ལོ་གསུམ་ཕྱིར་འགྱངས་བྱ་རྒྱུའི་ཐག་བཅད་ཡོད།

ཁྲིམས་ཐག་བཅད་རྗེས། ཧྥང་ཆེ་གེ་མོའི་ཁྱིམ་མིས་ཉེས་ཆད་ཡང་དྲགས་པའི་ངོས་འཛིན་བྱས་ནས། ཏེ་ཀྲོའུ་འབྲིང་རིམ་ཁྲིམས་ཁང་ལ་གོང་གཏུག་བྱས་པ་རེད། གསར་འགོད་པར་སྤྱི་ཚེས་19ཉིན་ཧྲན་ཏུང་ཞིང་ཆེན་ཡུས་ཁྲིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། དོ་བདག་གི་གཏུག་བཤེར་དབང་ཆར་འགན་ལེན་གང་ལེགས་བྱ་ཆེད་དང་། དམངས་དོན་གཏུག་བཤེར་ཞུ་སྦྱོར་སྔ་མའི་གཏུག་བཤེར་ལས་ཚབ་པས་རེ་ཞུ་བྱས་པ་བརྒྱུད། གྱོད་གཞི་དེར་ཞིབ་གཅོད་བྱེད་པའི་དུས་ཚོད་ནར་འགྱངས་བྱ་རྒྱུའི་ཐག་བཅད་པ་རེད། ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཞུ་སྦྱོར་སྔ་མའི་གཏུག་བཤེར་ངོ་ཚབ་ཀྱིས་རེ་འདུན་ཞུས་པ་ལྟར། གྱོད་དོན་དེར་འདྲི་གཅོད་བྱ་རྒྱུ་དུས་འགྱངས་བྱ་རྒྱུའི་བཅད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། རིན་ཆེན་མཚོ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

བུད་མེད་ཅིག་ཁྱོ་ག་དང་ཁྱོ་གའི་ཁྱིམ་མིས་མནར་གཅོད་བཏང་ནས་བསད་རྗེས།

བརྡ་ཁྱབ་ནང་། ཐོག་མའི་འདྲི་གཅོད་བྱེད་སྐབས་ཡོངས་བསྒྲགས་ཐོག་ཁྲིམས་ར་འཚོགས་ནས་འདྲི་གཅོད་མ་བྱས་པ་ནི། ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་གཏུག་བཤེར་གོ་རིམ་དང་འགལ་བས། ཐོག་མའི་ཁྲིམས་བཅད་རྩིས་མེད་གཏོང་རྒྱུའི་ཁྲུན་ཐག་བཅད་ཅིང་། ཡུས་ཁྲིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་བསྐྱར་དུ་འདྲི་གཅོད་བྱ་རྒྱུའི་རྩིས་སྤྲད་ཡོད་པ་དང་། ཏེ་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་