ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཆིང་ཏའོ་ཡི་རིམས་ནད་ཀྱི་མཆེད་ཁུངས་རྩད་ཆོད་འདུག

2020-10-17 17:18:00     责编:桑吉卓玛

 

 

 

 

       ཟླ་10ཚེས་16ཉིན་གྱི་སྔ་དྲོར། ཧྲན་ཏུང་ཆིང་ཏའོ་ཡིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས་ཡོད།

       ཚོགས་འདུའི་ཐོག་བརྡ་ཁྱབ་བཏང་བ་ལྟར་ན། ཐེངས་འདིའི་ཆིང་ཏའོ་ཡི་རིམས་ནད་ཀྱི་མཆེད་ཁུངས་ནི་ཏ་ཀང་གི་བཟོ་པ་གཉིས་ཡིན་པ་གཏན་འཁེལ་བྱུང་ཡོད་པ་དང་། དེ་ནི་འདུས་ཚོགས་རང་བཞིན་གྱི་རིམས་ནད་ཅིག་སྟེ།  ཆིང་ཏའོ་གྲུ་ཁའི་རིམས་ནད་འགོས་པའི་ནད་པ་སྨན་ཁང་དུ་སྡོད་རིང་། སྤྱིར་བཏང་ནད་ཁུལ་གྱི་ནད་པ་དང་མཉམ་དུCTཁང་སྤྱད་པ་ལས་བྱུང་བའི་སྨན་ཁང་ནང་གི་འདུས་ཚོགས་རང་བཞིན་གྱི་རིམས་ནད་ཅིག་ཡིན་པ་དང་། སྡེ་ཁུལ་དུ་འགོས་ཁྱབ་ཕྱིན་མེད་པ་རེད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ། 

ཡིག་སྒྱུར། རིག་འཛིན་སྐྱིད།

中央广播电视总台 央广网 版权所有

ཆིང་ཏའོ་ཡི་རིམས་ནད་ཀྱི་མཆེད་ཁུངས་རྩད་ཆོད་འདུག

ཆིང་ཏའོ་ཡི་རིམས་ནད་ཀྱི་མཆེད་ཁུངས་རྩད་ཆོད་འདུག