ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རང་ཚང་རང་གིས་དྲུས་ནས་སྤྲོ་གར་འཁྲབ།

2020-10-17 11:18:00     责编:桑吉卓玛

མེ་གསོད་རུ་ཁག་ལ་བརྫུས་པའི་བུད་མེད་ཅིག་གིས་མེ་གསོད་རུ་ཁག་མགོ་སྐོར་བཏང་བའི་སྤྲོ་གར། 

 

སྤྱི་ཟླ་10ཚེས་14ཉིན། 

@ཧྲན་ཞིའི་མེ་གསོད་རུ་ཁག་ཅེས་པའི་པོད་ཕྲན་ཐོག

རུ་ཁག་དེ་ཉིད་མེ་གསོད་རུ་ཁག་རྫུན་མ་ཞིག་དང་ཕྲད་པའི་གནས་ཚུལ་སྤེལ་དོན།

བརྙན་རིས་དེའི་ཁྲོད།

བུད་མེད་ཅིག་ཧྲན་ཞིའི་མེ་གསོད་རུ་ཁག་གི་ལས་དོན་མི་སྣར་བརྫུས་ནས།

མངོན་མེད་ཉེན་ཁ་བརྟག་སེལ་དང་གསོ་སྦྱོང་སོགས་ཀྱི་

ཁྲིད་སྟོན་བཀོད་སྒྲིག་བྱས་ཆོག་ཚུལ་བཤད།

 

སྟབས་འཁེལ་བ་ཞིག་ལ

ཁ་པར་ལེན་མཁན་ཧྲན་ཞིའི་མེ་གསོད་རུ་ཁག་གི་དྲིལ་བསྒྲགས་ཁང་ཡིན་པ་རེད།

↓↓↓

 

 

 

 

དེ་ནས།

ཕྱོགས་གཉིས་ཀྱིས་སྤྲོ་གར་ཞིག་འཁྲབ་སྟོན་བྱས་པ་རེད།

……

ཁ་བརྡ་ཡུན་ཙམ་གློད་རྗེས།

ཁ་པར་གཏོང་མཁན་བུད་མེད་དེས་

ཁ་པར་ལེན་མཁན་མེ་གསོད་རུ་ཁག་གི་མི་སྣ་ཡིན་པ་ཤེས་པས།

ཅི་བྱ་གཏོད་མེད་དུ་གྱུར་ནས་ཁ་པར་བཞག་པ་རེད།

 

དྲ་གྲོགས་ཚོས་གནས་ཚུལ་འདི་མཐོང་བས།

ལི་ཁུའེ་རྫུན་མས་ལི་ཁུའེ་ལ་ཁ་པར་བརྒྱབ་འདུག་ཅེས་དང་། །

དྲ་གྲོགས་ལ་ལས།

“རང་གི་ཆེད་ལས་ལའང་བྱང་ཆ་མེད་འདུག་ཅེས་ཀུ་རེ་བཤད་ཡོད།

མེ་གསོད་རུ་ཁག་ཀྱང་མི་ཤེས་པར་མེ་གསོད་རུ་ཁག་ལ་བརྫུས་འདུག་”ཟེར།

@ཧྲན་ཞིའི་མེ་གསོད་རུ་ཁག་གིས་དྲན་སྐུལ་ཞུས་དོན།

ལས་ཁུངས་ཁག་ལ་ཁ་པར་འདི་ལྟ་བུ་འབྱོར་ཚེ།

ངེས་པར་དཔང་རྟགས་སོགས་ལ་གཞིགས་ནས་བདེན་རྫུན་བརྟག་དགོས།

མེ་གསོད་རུ་ཁག་གིས་གསོ་སྦྱོང་ཅི་ཞིག་སྤེལ་ཡང་།

ལས་ཁུངས་དང་མི་སྒེར་གང་ལའང་ཐོན་རྫས་འགྲེམ་ཚོང་བྱེད་མི་སྲིད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུས་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། བསྟན་རྒྱམ།

 

中央广播电视总台 央广网 版权所有

རང་ཚང་རང་གིས་དྲུས་ནས་སྤྲོ་གར་འཁྲབ།

རང་ཚང་རང་གིས་དྲུས་ནས་སྤྲོ་གར་འཁྲབ།