ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོའི་སྐུ་ཚབ་ཀྱིས་ཨ་རིའི་སྐུ་ཚབ་ལ་རྒོལ་ལན་སྤྲད་པ།

2020-09-15 10:22:00     责编:桑吉卓玛

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོའི་སྐུ་ཚབ་ཀྱིས་ཨ་རིའི་སྐུ་ཚབ་ལ་རྒོལ་ལན་སྤྲད་པ།

 

       མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཚེས་11ཉིན་ཏོག་གསར་གློ་ཚད་རིམས་ནད་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཀྲུང་གོའི་སྐུ་ཚབ་ཀྱིས་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་སྤེལ་སྐབས། ཨ་རི་ཕྱོགས་ཀྱི་སྐུ་ཚབ་ཀྱིས་ཀྲུང་གོར་དོན་མེད་སྐྱོན་འཛུགས་བྱས་པར་སུན་འབྱིན་ནན་མོ་བྱས་ཡོད། 

       ཀྲུང་གོའི་སྐུ་ཚབ་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་མཐུན་སྒྲིལ་ངང་རིམས་ནད་འགོག་དགོས་པའི་རླབས་ཆེ་བའི་འབོད་སྐུལ་གནང་དུས། ཨ་རི་ཕྱོགས་ཀྱི་སྐུ་ཚབ་ཀྱིས་ཡང་བསྐྱར་འཆམ་མཐུན་མིན་པའི་སྐད་ཆ་བསྒྲགས་ཏེ། དཀར་ནག་གོ་ལྡོག་དང་འགན་འཁྲི་གཞན་འགེལ་བྱས་ཤིང་། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་ནད་དུག་བརྒྱུད་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་རྦད་དེ་ཁས་ལེན་རྒྱུ་མིན་ཞེས་བརྗོད།

       འདི་ནི་ཟླ་9ཚེས་11ཉིན། ཉིའུ་ཡོག་ཏུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུ་འཚོགས་ཡུལ་དངོས་རེད། 

       ཀྲུང་གོའི་སྐུ་ཚབ་ཀྱིས། ཐོག་མར་སྟོན་དགོས་པ་ནི། ཀྲུང་གོས་དུས་ཚོད་ཐུང་ངུའི་ནང་རིམས་ནད་ཚོད་འཛིན་བྱས་པ་མ་ཟད། ཨ་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་རིམས་ནད་འགོག་པའི་རོགས་སྐྱོར་དང་དངོས་ཟོག་མཁོ་འདོན་བྱས་ཡོད། དེ་དག་ཚང་མ་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཐུན་མོང་དུ་འབད་བརྩོན་བྱས་པར་བརྟེན་ནས་མངོན་འགྱུར་བྱུང་བ་རེད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་གོའི་གུང་ཁྲན་ཏང་ལ་འཁྱོག་བཤད་དང་དམའ་འབེབས་བྱེད་རྩིས་བྱས་ན། ཀྲུང་གོའི་མི་དམངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད། 

       ཀྲུང་གོའི་སྐུ་ཚབ་ཀྱིས། རིམས་ནད་ཐོན་པ་ནས་བཟུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁྲི་འཁུར་བ་བཅས་ཀྱི་རྣམ་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་ཆ་འཕྲིན་རྒྱུན་ཆད་མེད་པར་ལོངས་སྤྱོད་བྱེད་ཀྱི་ཡོད། འདི་ལོའི་ཟླ་1ཚེས་3ཉིན་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་དུས་བཅད་ལྟར་བརྡ་ཁྱབ་དངོས་སུ་གཏོང་འགོ་ཚུགས་ཡོད། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་ཕྱོགས་ཀྱིས་རིམས་ནད་དང་ཐོག་ཐོན་མ་ཐག་ནས། རིམས་ནད་ཀྱི་ཉེན་ཁ་ཤེས་རྟོགས་བྱུང་ཡོད། འོན་ཀྱང་འཇིགས་སྣང་མི་ཡོང་བའི་ཆེད་དུ། ཨ་རིའི་དམངས་ཚོགས་ལ་རྐང་བཙུགས་ནས་ཉེན་ཁ་སྦས་གསང་བྱས་ཡོད། དེ་ནི་སུ་ཡིས་གསང་བ་ཡིན་པ་དང་། ཆེས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་ཆེས་དར་རྒྱས་ཆེ་བའི་སྨན་བཅོས་མ་ལག་ཡོད་པའི་ཨ་རིའི་འགོས་ནད་འགོས་པའི་མི་གྲངས་ཆེས་མང་བ་ཅིའི་ཕྱིར་རེད། ཉིའུ་ཡོག་འདི་ཉིད་རིམས་ནད་ཀྱི་ལྟེ་གནས་ཞིག་ཏུ་གྱུར་ནས། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་སུ“སྒོ་མི་རྒྱག་ཀ་མེད་དུ་གྱུར་དོན་”གང་ཡིན་ནམ། གནས་ཚུལ་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧ་ཅང་གསལ་པོར་མཐོང་ཡོད་པར་ཡིད་ཆེས་ཡོད། ཨ་རིའི་ཕྱོགས་ཀྱི་རྫུན་གཏམ་དང་མགོ་སྐོར་ལ་སྔ་མོ་ནས་ཡིད་ཆེས་བྱེད་མཁན་མེད་པར་གྱུར་ཡོད་ཅེས་བཤད།

       ཀྲུང་གོའི་སྐུ་ཚབ་ཀྱིས། གལ་ཏེ་ཨ་རི་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་རིམས་ནད་འགོག་འདོད་ན། སེམས་ཤུགས་གཅིག་སྒྲིལ་གྱིས་རང་གི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པ་ལས། འགན་འཁྲི་གཞན་འགེལ་དང་དོ་སྣང་བྱ་ཡུལ་བསྒྱུར་བར་བྲེལ་མི་རུང་། གལ་ཏེ་ཨ་མེ་རི་ཀས་ལྷག་བསམ་རྣམ་དག་གིས་རིམས་ནད་འགོག་འདོད་ན། 

       རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འགལ་བའི་ཕྱོགས་རྐྱང་པའི་བཀག་སྡོམ་འཕྲལ་དུ་མེད་པར་བཟོ་དགོས་པ་ལས། རྒྱལ་ཁབ་གཞན་གྱི་རིམས་ནད་འགོག་པའི་འབད་བརྩོན་ལ་རྐང་བཙུགས་ནས་གཏོར་བཤིག་གཏོང་མི་རུང་། གལ་ཏེ་ཨ་མེ་རི་ཀས་ལྷག་བསམ་རྣམ་དག་གིས་རིམས་ནད་འགོག་འདོད་ན། མཐུན་སྒྲིལ་མཉམ་ལས་དང་ཕྱོགས་མང་རིང་ལུགས་ཀྱི་དྲང་བདེན་གྱི་ལམ་དུ་བསྐྱོད་དགོས་པ།ལས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གི་རིམས་འགོག་ཐད་རོགས་སྐྱོར་བྱེད་པ་ལ་གནོད་འཚེ་གཏོང་རུང་ཞེས་བཤད།

       ཀྲུང་གོའི་སྐུ་ཚབ་ཀྱིས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་ཨ་རིས་རིམས་ནད་ཀྱི་དོན་དངོས་གནད་དོན་ལ་བརྩི་འཇོག་དང་། ཚན་རིག་ལ་བརྩི་འཇོག་བྱས་ཏེ། རང་རྒྱལ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་དངོས་གནས་སེམས་ཁུར་བྱེད་པ་ལས། ཆབ་སྲིད་ཀྱི་ནད་དུག་བརྒྱུད་སྤེལ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགལ་ཟླའི་ཕྱོགས་སུ་ལངས་ནས། ནོར་འཁྲུལ་གྱི་འགྲོ་ལམ་ཐོག་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཐག་རིང་དུ་འགྲོ་རྒྱུ་དེ་མིན་ཞེས་ནན་གྱིས་བསྟན།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།  

ཡིག་སྒྱུར། བསོད་ནམས་སྒྲོལ་མ།

 

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཀྲུང་གོའི་སྐུ་ཚབ་ཀྱིས་ཨ་རིའི་སྐུ་ཚབ་ལ་རྒོལ་ལན་སྤྲད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོའི་སྐུ་ཚབ་ཀྱིས་ཨ་རིའི་སྐུ་ཚབ་ལ་རྒོལ་ལན་སྤྲད་པ།