ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྦྲང་མའི་དུག་ཁུས་འབྲས་སྐྲན་གྱི་ཕྲ་ཕུང་གསོད་ཐུབ་པར་བཤད།

2020-09-14 09:16:00     责编:桑吉卓玛

དུག་གིས་དུག་སེལ་བ་སྟེ། སྦྲང་མའི་དུག་ཁུས་འབྲས་སྐྲན་གྱི་ཕྲ་ཕུང་གསོད་ཐུབ་བམ།

 

 

 

       ཨོ་སི་ཁྲུ་ལི་ཡའི་ཧ་ལི·པོ་ཅིན་སི་གསོ་རིག་ཞིབ་འཇུག་ཁང་གི་ཚན་ཞིབ་མི་སྣས་ཤེས་རྟོགས་བྱུང་བ་ལྟར་ན། སྦྲང་མའི་ལུས་སྟེང་ནས་བླངས་པའི་དུག་རྫས་གཤེར་ཁུས་ཚོད་ལྟ་ཁང་དུ་སྲིབ་གཤིས་སུ་མངོན་པའི་ནུ་མའི་འབྲས་སྐྲན་གྱི་འབྲས་སྐྲན་ཕྲ་ཕུང་མགྱོགས་མྱུར་ངང་གསོད་ཐུབ་པ་རེད། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དུས་ཐེངས་གསར་པའི་དབྱིན་ཇིའི《གནད་སྨིན་འབྲས་སྐྲན་རིགས་པ》ཞེས་པའི་དུས་དེབ་ཐོག་བཀོད་ཡོད།

       སྲིབ་གཤིས་གསུམ་པའི་རང་བཞིན་གྱི་ནུ་མའི་འབྲས་སྐྲན་གྱིས་ནུ་མའི་འབྲས་སྐྲན་གྱི་ནད་དཔེ་ཡོངས་ཀྱི་16%ཡས་མས་ཟིན་ཡོད་ཅིང་། ནུ་མའི་འབྲས་སྐྲན་འདིའི་རིགས་འཇབ་རྒོལ་རང་བཞིན་ཆེ་ཞིང་། སྨན་བཅོས་དཀའ་བ་དང་། ཤི་ཚད་ཀྱང་མཐོ་ཤོས་སུ་གྱུར་ཡོད། 

       ངོ་སྤྲོད་བྱས་པ་ལྟར་ན། ཞིབ་འཇུག་མི་སྣས་ནུབ་ཨོ་སི་ཁྲུ་ལི་ཡ་མངའ་སྡེ་དང་ཨིར་ལན་དང་དབྱིན་ཀེ་ལན་ནས་འཛིན་བཟུང་བྱས་པའི་སྦྲང་མ་312དང་སྦྲང་སེར་ཆེན་པོའི་ཁྲོད་ནས་དུག་རྫས་གཤེར་ཁུ་བླངས་རྗེས།  HER2-ཚད་བརྒལ་ནུ་མའི་འབྲས་སྐྲན་དང་། སྲིབ་གཤིས་གསུམ་པའི་རང་བཞིན་གྱི་ནུ་མའི་འབྲས་སྐྲན། སྐུལ་རྩིའི་ལེན་གཟུགས་ཀྱི་གདགས་གཤིས་ཅན་གྱི་ནུ་མའི་འབྲས་སྐྲན་གྱི་འབྲས་སྐྲན་ཕྲ་ཕུང་དང་རྒྱུན་ལྡན་གྱི་ནུ་མའི་གཤེར་རྨེན་ཕྲ་ཕུང་བཅས་ཐོག་བཀོལ་བ་མ་ཟད།  དུག་རྫས་གཤེར་ཁུ་དང་སྐྱེ་དངོས་གཙོ་བོའི་གྲུང་གཤིས་དངོས་རྫས་ཏེ་སྦྲང་དུག་ཐའེ་(蜂毒肽)ཡི་ཕན་འབྲས་ལ་ལྟ་ཞིབ་བྱས།

       གཤིབ་བསྡུར་ཚོད་ལྟ་ལས་མངོན་པ་ལྟར་ན། སྦྲང་མའི་དུག་རྫས་གཤེར་ཁུ་དང་དེའི་ནང་ནས་བཏོན་པའི་སྦྲང་དུག་ཐེ་ཡིས་མངོན་གསལ་དང་མགྱོགས་མྱུར་ངང་སྲིབ་གཤིས་གསུམ་པའི་ནུ་མའི་འབྲས་སྐྲན་དང་HER2-ཚད་བརྒལ་ནུ་མའི་འབྲས་སྐྲན་གྱི་འབྲས་སྐྲན་ཕྲ་ཕུང་གི་གསོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པ་དང་།  དེའི་ནང་། གར་ཚད་ངེས་ཅན་ཡིན་པའི་སྦྲང་མའི་དུག་རྫས་གཤེར་ཁུས་འབྲས་སྐྲན་ཕྲ་ཕུང་100%གསོད་ཐུབ་མོད། འོན་ཀྱང་རྒྱུན་ལྡན་གྱི་ཕྲ་ཕུང་ལ་ཐེབས་པའི་ཤུགས་རྐྱེན་ཧ་ཅང་ཆུང་། རང་བྱུང་སྦྲང་དུག་ཐའེ་ཡིས་སྐར་མ་60ཡི་ནང་འབྲས་སྐྲན་ཕྲ་ཕུང་གི་ཕྲ་ཕུང་སྐྱི་མོ་རྦད་དེ་གཏོར་བརླག་གཏོང་ཐུབ་པ་དང་། མིས་བཟོས་འདྲེས་སྦྱོར་སྦྲང་དུག་ཐའེ་ཡིས་འབྲས་སྐྲན་ཕྲ་ཕུང་ལ་གཏོར་བརླག་ཐེབས་ཚད་རང་བྱུང་སྦྲང་དུག་ཐའེ་དང་ཧ་ཅང་ཉེ་བ་རེད།  འོན་ཀྱང་ཞིབ་འཇུག་མི་སྣས་སྦྲང་སེར་གྱི་དུག་རྫས་གཤེར་ཁུ་ལ་འབྲས་སྐྲན་འགོག་པའི་ནུས་པ་ཡོད་པ་ཤེས་མེད།

       ཞིབ་འཇུག་མི་སྣས་ད་དུང་ཤེས་རྟོགས་བྱུང་བར། སྦྲང་མའི་དུག་རྫས་གཤེར་ཁུ་དང་སྦྲང་དུག་ཐའེ་ཡིས་འབྲས་སྐྲན་ཕྲ་ཕུང་གི་བརྡ་རྟགས་རྒྱུ་ལམ་“སྒོ་རྒྱག་”ཐུབ་པ་རེད། བརྡ་རྟགས་རྒྱུ་ལམ་དེ་ནི་འབྲས་སྐྲན་ཕྲ་ཕུང་གི་སྐྱེ་འཚར་དང་སྐྱེ་འཕེལ་ལ་མཁོ་བའི་རྫས་འགྱུར་ཆ་འཕྲིན་ཁྱབ་སྤེལ་ཐབས་ལམ་ཡིན། གཞན་ཡང་སྦྲང་དུག་ཐའེ་ཡིས་འབྲས་སྐྲན་ཕྲ་ཕུང་གི་ཕྲ་ཕུང་སྐྱི་མོ་ལ་གཏོར་བརླག་ཐེབས་སྲིད་པས། རྫས་འགྱུར་གསོ་བཅོས་སྨན་རྫས་འབྲས་སྐྲན་ཕྲ་ཕུང་ནང་དུ་ཞུགས་ནས་ཕན་ནུས་ཇེ་མཐོར་གཏོང་བར་ཕན་པ་ཡོད། བྱི་བ་ཆུང་ཆུང་ལ་ཚོད་ལྟ་བྱས་པ་བརྒྱུད་ཤེས་པར། རྫས་འགྱུར་གསོ་བཅོས་སྨན་རྫས་ཏོ་ཞི་ཐེ་སེ་(多西他赛)དང་སྦྲང་དུག་ཐའེ་བསྲེས་ན།  སྐྲན་ནད་སྐྱེ་འཚར་ལ་ཚོད་འཛིན་བྱེད་པའི་ཕན་འབྲས་ཧ་ཅང་མངོན་གསལ་ཡིན་པ་རེད།

       འོན་ཀྱང་ཞིབ་འཇུག་མི་སྣས་དེ་དང་ཆབས་ཅིག་བསྟན་པར། དེ་དག་དོན་དངོས་ཀྱི་བཀོལ་སྤྱོད་དང་བར་ཐག་ངེས་ཅན་ཞིག་ཡོད་པ་དང་། ད་དུང་དེའི་རྨང་གཞིའི་ཐོག་སྦྲང་དུག་ཐའེ་བཀོལ་སྟངས་ཡག་ཤོས་དང་དེ་བཞིན་མི་ལུས་ཀྱིས་སྦྲང་དུག་ཐའེ་ཡི་བཟོད་ཐུབ་རང་བཞིན་སོགས་ལ་སྔར་བས་ཞིབ་འཇུག་བྱས་ན་ད་གཟོད་ནད་ཐོག་ཏུ་སྤྱོད་ཐུབ་པ་རེད། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བྱམས་མཚོ། 

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

སྦྲང་མའི་དུག་ཁུས་འབྲས་སྐྲན་གྱི་ཕྲ་ཕུང་གསོད་ཐུབ་པར་བཤད།

དུག་གིས་དུག་སེལ་བ་སྟེ། སྦྲང་མའི་དུག་ཁུས་འབྲས་སྐྲན་གྱི་ཕྲ་ཕུང་གསོད་ཐུབ་བམ།