ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལྷ་ཉིང་ལྕགས་ལམ་གྱི་ཟམ་པ་120ཚང་མ་མཐུད་སྒྲིག་ཟིན་པ།

2020-09-14 09:16:00     责编:桑吉卓玛

       སྤྱི་ཚེས་11ཉིན་གྱི་ཆུ་ཚོད་20ཡོལ་ཙམ་ལ་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་མཐའ་མའི་Tགཟུགས་གདུང་མ་བྱ་སྐད་མེ་འཁོར་འབབ་ཚུགས་ཀྱི་ལྕགས་ལམ་ཉིས་སྒྲིག་ཟམ་ཆེན་བསྐྲུན་ཟིན་ནས་མཐུད་སྒྲིག་བྱས་པ་དེའི་ཐོག་ནས། ལམ་ཐིག་ཧྲིལ་པོའི་ཟམ་མིག་2364གི་Tགཟུགས་གདུང་མ་ཁྱོན་ཡོངས་ནས་བསྐྲུན་ཚར་བ་མཚོན་པ་དང་། ད་བར་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་120ཚང་མ་བདེ་བླག་ངང་མཐུད་སྒྲིག་ཐུབ་ཡོད་པ་རེད། 

མཐུད་སྒྲིག་ཟིན་མ་ཐག་པའི་བྱ་སྐད་མེ་འཁོར་འབབ་ཚུགས་ཀྱི་ལམ་ཐིག་ཉིས་སྒྲིག་ཟམ་ཆེན།

 

       ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྐད་མེ་འཁོར་འབབ་ཚུགས་ཀྱི་ལམ་ཐིག་ཉིས་སྒྲིག་ཟམ་ཆེན་ནི་བྱ་སྐད་མེ་འཁོར་འབབ་ཚུགས་སུ་བཀོད་སྒྲིག་བྱས་པའི་ལྕགས་ལམ་ཉིས་སྒྲིག་ཟམ་པ་ཞིག་ཡིན་པ་དང་། རིང་ཚད་ལ་སྨི་281.55ཡོད་ཅིང་། ལྷ་ཉིང་ལྕགས་ལམ་གྱི་མཐའ་མཇུག་འཛུགས་སྐྲུན་མཐུད་སྒྲིག་བྱས་པའི་Tགཟུགས་ཟམ་ཆེན་ཞིག་རེད།     

       ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་2015ལོའི་ཟླ་བ་དྲུག་པར་སྐྲུན་འགོ་ཚུགས་པ་དང་། གསར་སྐྲུན་ལམ་ཐིག་གི་རིང་ཚད་སྤྱི་ལེ་403.14ཟིན་པའི་ནང་། ཟམ་པ་སྣ་ཚོགས་ཁྱོན་120ཡོད་པ་དང་། སྤྱིའི་རིང་ཚད་སྤྱི་ལེ་84.51ཟིན་ནས། ཟམ་པས་ལམ་ཐིག་ཧྲིལ་པོའི་བསྡུར་ཚད་ཀྱི་21%ཙམ་བཟུང་ཡོད།

 

ཡར་ཀླུང་གཙང་པོའི་ཐོག་གི་ལྕགས་ལམ་ཉིས་སྒྲིག་གི་ཟམ་ཆེན།

 

       ས་བབ་དང་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། ས་མཐོ་བ་དང་། གྲང་ངར་ཆེ་བ། ཤུགས་ཚད་མཐོ་བ་སོགས་ཀྱི་དཀའ་གནད་ཆེ་བའི་ཁོར་ཡུག་གིས་ཟམ་པའི་ཇུས་འགོད་ཐད་འགྲན་རྩོད་ཆེན་པོ་འཕྲད་ཡོད། རྩད་ཞིབ་དང་ཇུས་འགོད་བྱེད་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་ཁང་གཉིས་པས་ཇུས་འགོད་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་སྒྲིག་འཛུགས་བྱས་ཐོག  ཟམ་པའི་ཆེད་ལས་ལག་རྩལ་མི་སྣའི་མཉམ་འབྲེལ་ཚན་ཞིབ་ཚོགས་པས་ས་བབ་མཐོ་བའི་ས་ཁུལ་དུ་རྩད་ཞིབ་ཐིག་ལེན་ཇུས་འགོད་དང་ཨར་ལས་ལས་དོན་ལ་གཞོགས་འདེགས་ཟམ་མི་ཆད་པ་བྱས་ཏེ།  ལག་རྩལ་གྱི་དཀའ་གནད་སྒྲོལ་ཏེ་ཀྲུང་གོ་ལྕགས་ལམ་ཁང་གཉིས་པའི་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཡོད།

       ཀྲུང་གོ་ལྕགས་ལམ་ཁང་གཉིས་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་པུའི་ཟམ་པའི་ཆེད་ལས་ཇུས་འགོད་འགན་འཁུར་བ་ལུའོ་ཝུའེ་ཡོན་གྱིས། ལྷ་ཉིང་ལྕགས་ལམ་གྱི་ཟམ་པ་ཁག་གཅིག་ཤུགས་ཚད་མཐོ་བའི་ས་ཡོམ་ཁུལ་དུ་གནས་པ་དང་། ལག་རྩལ་ཐད་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་པ་བརྒྱུད། ས་ཡོམ་གྱི་ཡོམ་རྐྱེན་མེ་ཐེབས་པ་བྱེད་པའི་ལག་རྩལ་སྤྱད་དེ་ཟམ་པའི་དུས་མཇུག་གི་གཉེར་སྐྱོང་བདེ་འཇགས་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་ཡོད།    

       ཁོང་གིས། ཟམ་པ་དེ་དག་བསྐྲུན་པ་ལས་ས་མཐོའི་ཁོར་ཡུག་རི་ཁུལ་ལྕགས་ལམ་གྱི་ཟམ་པའི་ལག་རྩལ་ཡར་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་། ས་མཐོའི་ཁོར་ཡུག་རི་ཁུལ་ལྕགས་ལམ་གྱི་ཟམ་པ་བསྐྲུན་རྒྱུར་དཔེ་སྟོན་དང་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཡོད་པས། སླད་ཁྲོན་བོད་གཞུང་ལམ་གྱི་བར་རྒྱུད་བསྐྲུན་རྒྱུར་དོན་སྙིང་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད། 

མིག་སྔར་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་Tགཟུགས་གདུང་མ་བཏིང་ཟིན་པ་དང་།ལྕགས་ལམ་བཏིང་སྒྲོམ་དང་། གློག་བཞི་འཛུགས་སྐྲུན། འབབ་ཚུགས་འཛུགས་སྐྲུན་བཅས་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད།

       ལྷ་ཉིང་ལྕགས་ལམ་དེ་ལྷ་ས་འབབ་ཚུགས་ནས་ཉིང་ཁྲི་འབབ་ཚུགས་བར་འབྲེལ་མཐུད་བྱེད་པའི་རྒྱལ་ཁབ་ལྕགས་ལམ་གྱི་རིམ་པ་དང་པོའི་གློག་རླངས་རྐྱང་པའི་གློག་རླངས་ཅན་གྱི་ལྕགས་ལམ་ཞིག་ཡིན་པ་དང་། དེ་ནི་ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

རྩོམ་སྒྲིག་འགན་འཁུར་བ། ལྷག་པ།

གསར་འགོད་པ། བསྟན་དབང་། བདེ་དཔལ།

 

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ལྷ་ཉིང་ལྕགས་ལམ་གྱི་ཟམ་པ་120ཚང་མ་མཐུད་སྒྲིག་ཟིན་པ།

སྤྱི་ཚེས་11ཉིན་གྱི་ཆུ་ཚོད་20ཡོལ་ཙམ་ལ་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་མཐའ་མའི་Tགཟུགས་གདུང་མ་བྱ་སྐད་མེ་འཁོར་འབབ་ཚུགས་