ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཆར་རླུང་ཁྲོད་ཞལ་གྱེས་ཞུས་ཤིང་། འཐབ་འཛིང་པར་བཟའ་ཆས་བསྐྱལ་བ།

2020-08-01 18:39:27     责编:娜科

     

   སྤྱི་ཟླ་7པའི་ཚེས་27ཉིན། འབྲུབ་འགོག་དམག་མི་500ལྷག་ཨན་ཧུའེ་ཙུང་ཡང་རྫོང་ནས་ཞལ་གྱེས་སྐབས། ས་གནས་དེ་གའི་མང་ཚོགས་ཚོས་གནས་ཚུལ་ཤེས་རྟོག་བྱུང་རྗེས་ཆར་རྡུང་ལ་མི་འཛེམ་པར་ཕེབས་སྐྱེལ་ཞུ་བར་སླེབས་ཡོད། འཐབ་འཛིང་པ་དེ་དག་ནི་བཅིངས་འགྲོལ་དམག་གི་ཚོགས་ཁག་དམག་སྡེ་72པའི་སྟོང་ཤོག་ག་གེ་མོ་ནས་ཡོང་བ་ཡིན་ཞིང་། ཨན་ཧུའེ་ཙུང་ཡང་དུ་འབྲུབ་འགོག་ལས་དོན་སྒྲུབ་ནས་ཟླ་ཕྱེད་ལྷག་ཙམ་ཕྱིན། 

    ཉིན་འདི་དག་རིང་འབད་བརྩོན་བྱས་པ་བརྒྱུད་ཙུང་ཡང་གི་འབྲུབ་འགོག་གནས་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པས། ཁོང་ཚོ་སླར་ཡང་ཁྲའོ་ཧུའུ་མཚེའུའི་ཉེ་འགྲམ་གྱི་ཧ་ཧྥེ་ལུའུ་ཅང་རྫོང་དུ་མུ་མཐུད་འབྲུབ་འགོག་ལས་དོན་སྒྲུབ་པར་སྐྱོད་རྒྱུ་ཡིན་པ་རེད། འཐབ་འཛིང་པ་རྣམས་ལམ་བར་དུ་དཀྲེས་ལྟོགས་ཀྱི་མནར་དོགས་ནས་མང་ཚོགས་མང་པོ་ཞིག་གིས་གནས་ཚུལ་ཐོས་མ་ཐག་འཐབ་འཛིང་པ་སྐྱེལ་མཁན་རླངས་འཁོར་རྗེས་སུ་ཡོང་ནས་རང་ཁྱིམ་གྱི་རྒུན་འབྲུམ་དང་སྒོ་ང་བཙོས་མ་སོགས་སྤྲད་ཡོད།   

 

 

     ཨན་ཧུའེ་ཙུང་ཡང་དུ་འབྲུབ་འགོག་ལས་དོན་སྒྲུབ་ནས་ཟླ་ཕྱེད་ལྷག་ཙམ་སོང་རྗེས། བཅིངས་འགྲོལ་དམག་གི་ཚོགས་ཁག་དམག་སྡེ་72པའི་སྟོང་ཤོག་ག་གེ་མོས་འབྲུབ་འགོག་བྱ་ཡུལ་གཞན་ཞིག་ཏུ་མུ་མཐུད་འབྲུབ་འགོག་བྱེད་པར་སྐྱོད་སྐབས་ས་གནས་དེ་གའི་མང་ཚོགས་ཀྱི་ཆར་རྡུང་ལ་མི་འཛེམ་པར་ཕེབས་སྐྱེལ་ལ་བཅར་བ་དང་།  འཐབ་འཛིང་པ་རྣམས་ལམ་བར་དུ་བཀྲེས་ལྟོགས་ཀྱི་མནར་དོགས་ནས་རང་ཁྱིམ་གྱི་རྒུན་འབུམ་དང་སྒོ་ང་བཙོས་མ་སོགས་སྤྲད་ཡོད་པ་རེད།  

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། དབང་འདུས། 

འཛམ་གླིང་སྐར་ཁུངས།

▶ཨ་རིས་ཀྲུང་གོའི་ཧྭ་ཝེ་འགོག་གནོན་གང་ཐུབ་བྱེད་དོན་ཅི་ཡིན་ནམ།

ཕྱི་འབྲེལ་པུའུ་ཡིས་ཟླ་7ཚེས་30ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཞིག་གིས་པར་ཙིར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་

中央广播电视总台 央广网 版权所有

ཆར་རླུང་ཁྲོད་ཞལ་གྱེས་ཞུས་ཤིང་། འཐབ་འཛིང་པར་བཟའ་ཆས་བསྐྱལ་བ།

ཉིན་འདི་དག་རིང་འབད་བརྩོན་བྱས་པ་བརྒྱུད་ཙུང་ཡང་གི་འབྲུབ་འགོག་གནས་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པས། ཁོང་ཚོ་སླར་ཡང་ཁྲའོ་ཧུའུ་མཚེའུའི་ཉེ་འགྲམ་གྱི་ཧ་ཧྥེ་ལུའུ་ཅང་རྫོང་དུ་མུ་མ