ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཡུལ་འདིར་དྲག་ཆར་བབས་ནས་མི12གྲོངས་པ་དང་མི10འབྲེལ་བ་ཆད་པ།

2020-06-29 21:15:00     责编:桑吉卓玛

 

 

       སྤྱི་ཟླ་6པའི་ཚེས་28ཉིན་གྱི་ཆུ་ཚོད་23དང་སྐར་མ་30ཡས་མས་སུ། གསར་འགོད་པར་སི་ཁྲོན་ལིའང་ཧྲན་མེན་ལིང་རྫོང་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། སྤྱི་ཚེས་28ཉིན་གྱི་ཆུ་ཚོད་16བར་སླེབས་དུས། ལིའང་ཧྲན་མེན་ལིང་རྫོང་དུ་དྲག་ཆར་བབས་ནས་མི་12རྐྱེན་ལམ་དུ་ཤོར་བ་དང་མི་10འབྲེལ་བ་ཆད་པ་རེད།

       སྤྱི་ཟླ་6པའི་ཚེས་26ཉིན་གྱི་ཆུ་ཚོད་18ནས་ཚེས་27ཉིན་གྱི་ཆུ་ཚོད་1པོའི་བར། མེན་ལིང་རྫོང་གི་བྱང་རྒྱུད་ས་ཁུལ་དུ་གློ་བུར་དུ་དྲག་ཆར་ཆེན་པོ་བབས་ནས། དབྱི་ཧའེ་གྲོང་རྡལ་དང་། ཀའོ་དབྱང་ཁྲོམ་ལམ། ལིང་ཧྲན་མཛེས་ལྗོངས་ཁུལ་གྱི་ས་ཁུལ་ཁག་གཅིག་བཅས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད།

       མིག་སྔའི་བར། དབྱི་ཧའེ་གྲོང་རྡལ་དང་། ཀའོ་དབྱང་ཁྲོམ་ལམ་སོགས་ཤང་དང་གྲོང་རྡལ་གྱི་དུད་ཁྱིམ་2100ཡི་མི་9880ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད་པ་དང་། དུད་ཁྱིམ་1705ཡི་མི་7705བདེ་འཇགས་ངང་གནས་སྤོ་བྱས་ཡོད། 

       སྤྱི་ཚེས་28ཉིན་གྱི་ཆུ་ཚོད་16བར་སླེབས་དུས། ཐེངས་འདིའི་གནོད་འཚེའི་ཁྲོད་ཁྱོན་མི་12རྐྱེན་ལམ་དུ་ཤོར་བ་དང་། མི་10འབྲེལ་བ་ཆད་པ་རེད། དེའི་ནང་། དབྱི་ཧའེ་གྲོང་རྡལ་དུ་མི་10རྐྱེན་ལམ་དུ་ཤོར་བ་དང་། མི་7འབྲེལ་བ་ཆད་ཡོད། ཀའོ་དབྱང་ཁྲོམ་ལམ་ཁོངས་སུ་གཏོགས་པའི་མེན་ལིང་མྱུར་བགྲོད་གཞུང་ལམ་ཐོན་སྒོའི་གཤམ་འོག་གི་རྒྱལ་ལམ་248ལམ་རྒྱུད་གས་རྡིབ་བྱུང་བའི་རྐྱེན་གྱིས་འགྲོ་འོང་བྱེད་མཁན་རླངས་འཁོར་2གཙང་པོའི་ནང་ལྷུངས་བ་དང་།  རླངས་འཁོར་ནང་ཡོད་པའི་མི་10ཡི་ཁྲོད་ནས། མི་5སྐྱོབ་ཐུབ་པ་དང་། མི་2རྐྱེན་ལམ་དུ་ཤོར་བ། མི་3འབྲེལ་བ་ཆད་པ་རེད།  

       མིག་སྔར། ལིའང་ཧྲན་མེན་ལིང་རྫོང་གིས་སི་ཁྲོན་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་། ལིའང་ཧྲན་ཁུལ་ཨུད། ཁུལ་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལྟར།  ནུས་ཤུགས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་བཞིན་ཡོད་པ་དང་། ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་ལས་དོན་རྒྱུན་མཐུད་ངང་སྤེལ་བ།  ཉེན་ཟོན་དང་སྔོན་བརྡ་གཏོང་བའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་ནན་འགོག་བྱེད་པ། གནོད་འཚེའི་གནས་ཚུལ་ཞིབ་བཤེར་དང་། རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣའི་ཐོབ་ཐང་ཞིབ་དཔྱད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ལྟ་སྐུལ། ཚེ་དགའ།

ཞུ་དག ཟླ་བ་གཡུ་སྒྲོན།

སྙན་སྒྲོན་དང་སྒྲིག་སྦྱོར། མཁའ་སྤྱོད་དབང་མོ།

 

中央广播电视总台 央广网 版权所有

ཡུལ་འདིར་དྲག་ཆར་བབས་ནས་མི12གྲོངས་པ་དང་མི10འབྲེལ་བ་ཆད་པ།

སྤྱི་ཟླ་6པའི་ཚེས་28ཉིན་གྱི་ཆུ་ཚོད་23དང་སྐར་མ་30ཡས་མས་སུ། གསར་འགོད་པར་སི་ཁྲོན་ལིའང་ཧྲན་མེན་ལིང་རྫོང་སྲིད་གཞུང་གསར་འགྱུར་