ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རྒྱལ་ཡོངས་ཀྱི་ནད་ཡམས་གནས་ཚུལ་གསར་ཤོས།

2020-06-29 20:55:00     责编:桑吉卓玛

       ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་བཅས31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་སྤྱི་ཚེས27ཉིན་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བའི་ནད་པ17མང་དུ་ཕྱིན་པ་དང་། དེ་དག་ཁྲོད་ནས་ས་གནས་འདི་རང་གི་ནད་པ་14ཐོན་པ་ཚང་མ་པེ་ཅིང་ནས་ཡིན་པ། 

 

        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས28ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བར་གཞིགས་ན། སྤྱི་ཟླ6པའི་ཚེས27ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་བཅས31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བའི་ནད་པ17ཐོན་ཡོད་པ་དང་། དེའི་ནང་ཕྱི་རྒྱལ་ནས་འཛུལ་བའི་ནད་པ་གསུམ་ཐོན་པ་སྟེ། ཁག་སོ་སོར་ཧྲང་ཧའེ་དུ1དང་། ཧྲའན་ཞི་རུ1  ཀན་སུའུ་རུ1བཅས་ཐོན་ཡོད་པ་རེད། ས་གནས་འདི་རང་གི་ནད་པ14ཐོན་པ་ཚང་མ་པེ་ཅིང་ནས་ཡིན་པ་རེད།

       ཉིན་དེར་ནད་པ་ཚེ་ལས་འདས་པ་ཐོན་མེད་པ་དང་། དོགས་ཡོད་ནད་པ་གཅིག་མང་དུ་ཕྱིན་པ་དང་།  དེ་ནི་ས་ཆ་དེ་རང་གི་ནད་པ་ཡིན་ཞིང་པེ་ཅིང་ནས་ཡིན་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   

ཞུ་དག སྐྱིད་པོ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

 

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་ནད་ཡམས་གནས་ཚུལ་གསར་ཤོས།

ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་བཅས31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་སྤྱི་ཚེས27ཉིན་ཏོག་གསར་གློ་ཚད་