ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶གྲོང་ཁྱེར་སྲིད་གཞུང་གིས་ཡུལ་སྐོར་བར་སྒོ་ཕྱེ་བ།

2019-10-08 17:21:00     责编:卓玛才让

རྒྱལ་སྟོན་གྱི་གུང་གསེང་འདིར།

ཅང་སུའུ་དབྱང་ཀྲོའུ་ཡི་ཡུལ་སྐོར་བ་མང་པའི་མཛེས་ལྗོངས་ཁུལ་ནི།

ཧྲོའུ་ཞི་མཚེའུ་དང་། ཏུང་ཀོན་སྲང་ལམ། མིས་བཟོས་གཙང་པོ་ཆེན་པོ་སོགས་ཁོ་ན་མ་ཡིན་པར།

དབྱང་ཀྲོའུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ཡང་ཡུལ་སྐོར་བ་གྲལ་བསྒྲིགས་ནས་འགྲོ་ས་ཞིག་ཏུ་གྱུར་བ་མ་ཟད།

ཉིན་དེ་དག་རིང་གི་གསར་འགྱུར་ཚ་ཤོས་སུ་གྱུར་ཡོད།

 དབྱང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་དམངས་ལ་སྒོ་ཕྱེ་བ།

 

    དབྱང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་སྒོ་རའི་ནང་གི་ཡུལ་སྐོར་རླངས་འཁོར་གནས་སྐབས་འཇོག་ཡུལ་དུ་ཡུལ་གཞན་ནས་ཡོང་བའི་རླངས་འཁོར་གྱིས་ཁེངས་ཡོད་པ།

    ཉིན་གུང་མཚམས་སུ་ཡུལ་གཞན་གྱི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་རླངས་འཁོར་བཏང་ནས་གྲོང་ཁྱེར་སྲིད་གཞུང་གི་སྒོ་ར་ནུབ་མའི་ནང་རླངས་འཁོར་བཞག་སྟེ་ཞལ་ལག་མཆོད་རྩིས་བྱེད་ཀྱི་ཡོད།

    ཧྲང་ཧའེ་ཡི་ཡུལ་སྐོར་བ་སྐུ་ཞབས་ཀྲའོ་ལགས་ཀྱིས་གསར་འགོད་པར་ཁོང་གིས་ཡུལ་སྐོར་གྱི་ལམ་ཐིག་བཟོ་སྐབས་དབྱང་ཀྲོའུ་སྲིད་གཞུང་གི་ཟ་ཁང་གིས་ཡུལ་སྐོར་བར་སྒོ་མོ་ཕྱེ་ཡོད་པ་ཤེས་བྱུང་བ་དང་། དེའི་ཕྱིར་དམིགས་བསལ་ས་གནས་འདིར་ཆེད་དུ་ཕེབས་ཏེ་མྱོང་རོལ་བྱས་པ་ཡིན་ཞེས་བཤད་ཡོད།

    ཉིན་གུང་ཆུ་ཚོད་11དང་ཕྱེད་ཀར་དབྱང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་སྒོ་ར་ནུབ་མའི་སྲིད་གཞུང་གི་ཟ་ཁང་དུ་ཡུལ་སྐོར་བས་དེ་གའི་ཧོའེ་དབྱང་ཞིམ་ཟས་ལ་རོལ་བཞིན་པ་མཐོང་ཐུབ།

    ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཟ་ཁང་གིས་ཡུལ་སྐོར་བར་ཁ་ལག་དང་སྟབས་བདེའི་བཟའ་བཅའ་མཁོ་འདོན་བྱས་པ་དང་། དབྱང་ཀྲོའུ་ཡི་ཁྱད་ཆོས་ལྡན་པའི་ཧོའེ་དབྱང་ཞིབ་ཟས་ཀྱིས་གཙོ་བོར་བྱས་ནས་ཚོགས་པའི་ཡུལ་སྐོར་བར་སྔོན་བཀོད་སྒྲོག་ཙེ་དང་ལྟོ་ཆས་མཁོ་འདོན་བྱེད་ཐུབ་ལ་འགྲུལ་པ་ཐར་ཐོར་ལ་ཡང་ཁ་ལག་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་ཅེས་ཟེར།

    གོང་ཁེ་ལ་བྲོ་བ་ཞིམ་པའི་ཧོའེ་དབྱང་ཞིམ་ཟས་མཁོ་འདོན་བྱས་པ་ཕུད། ལས་དོན་མི་སྣས་ད་དུང་ཟ་ཁང་གི་ཕྱོགས་གང་སར་ཡུལ་སྐོར་ཕྱོགས་སྟོན་བཞག་ཡོད་པ་དང་ཡུལ་སྐོར་བས་གློག་གསོག་ནོར་བུའི་བོགས་གཡར་དང་ཇ་དང་ཆུ་མཁོ་སྤྲོད་སོགས་ཀྱི་ལེ་ལག་ཚང་བའི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

     གཞན་ཡང་། ཧྲོའུ་ཞི་མཚེའུ་མཛེས་ལྗོངས་ཁུལ་གྱི་དབྱང་ཀྲོའུ་སློབ་ཆེན་གྱི་ཧྲོའུ་ཞི་མཚེའུ་སློབ་ཁུལ་དང་དེ་བཞིན་དབྱང་ཀྲོའུ་འཚོ་བའི་ཚན་རྩལ་སློབ་གྲྭའི་ནང་ཁུལ་གྱི་ཟ་ཁང་ཡང་ཡུལ་སྐོར་བར་སྒོ་ཕྱེ་ཡོད། རྒྱལ་སྟོན་རིང་དབྱང་ཀྲོའུ་གྲོང་ཁྱེར་གྱི་ལས་ཁུངས་བཅུ་ལྷག་ཙམ་གྱི་ནང་ཁུལ་རླངས་འཁོར་འཇོག་ས་ཡུལ་སྐོར་བར་རིན་མེད་ངང་སྒོ་ཕྱེ་ཡོད། གཞན་ཡང་དབྱང་ཀྲོའུ་ཡིས་ད་དུང་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་ཧྲོའུ་ཞི་མཚེའུ་ལམ་གྱི་རམ་འདེགས་ལམ་དང་ཞི་ཧྥུང་ལམ་སོགས་རིན་མེད་རླངས་འཁོར་འཇོག་ས་མང་པོ་བཏོད་དེ་ཡུལ་སྐོར་བས་རླངས་འཁོར་འཇོག་སའི་གནད་དོན་ཐག་གཅོད་བྱས་པ་རེད།

དེ་ལྟ་བུའི་ཞབས་ཞུར་ཡུལ་སྐོར་བ་དང་དྲ་གྲོགས་ཚོས་རང་འགུལ་ངང་བསྔགས་བརྗོད་བྱས་པ་སྟེ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། བསྟན་རྒྱམ། 

中央广播电视总台 央广网 版权所有