ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་གནས་མང་པོའི་སློབ་གྲྭ་འབྲིང་ཆུང་སློབ་འགོ་ཚུགས་ཡོད་པ་དང་སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དོན་འཁྱོལ་ནན་ཏན་བྱས་པ།

2021-02-22 10:04:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་22ཉིན་ནས་བཟུང་ས་གནས་མང་པོའི་སློབ་གྲྭ་འབྲིང་ཆུང་སློབ་འགོ་ཚུགས་ཡོད་པ་རེད། ས་གནས་ཁག་གི་སློབ་གསོའི་གཙོ་འགན་ཚན་པ་དང་སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། དགེ་སློབ་རྣམས་ལ་བདེ་ཐང་དང་བདེ་འཇགས་ཀྱི་སློབ་རའི་ཁོར་ཡུག་བསྐྲུན་ནས། སློབ་འགོ་བདེ་བླག་ངང་ཚུགས་རྒྱུར་འགན་ལེན་བྱས་ཡོད་པ་རེད།

སྤྱི་ཚེས་22ཉིན། ཐན་ཅིན་དང་། ཧྲང་ཧའེ། ཧའེ་ནན། ཅང་སུའུ་སོགས་ས་ཆའི་སློབ་གྲྭ་འབྲིང་ཆུང་སློབ་འགོ་ཚུགས་ཡོད་པ་རེད། ནན་ཅིང་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་དགུན་ཁའི་གུང་གསེང་རིང་ནན་ཅིང་ནས་ཁ་བྲལ་བའི་མི་སྣའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། སློབ་གྲྭར་འབྱོར་ཐོ་འགོད་པའི་སྐབས་ངེས་པར་དུ་གཱ་གཅིག་དང་ཨང་རྟགས་གཅིག རེའུ་མིག་གཅིག་འཁྱེར་ཚེ་གཞི་ནས་སློབ་གྲྭར་འཛུལ་ཆོག་གི་ཡོད་པ་རེད།

ནན་ཅིང་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་སུའུ་ཆན་ཡན་ལག་སློབ་གྲྭ་ཁྲེང་པེ་ལམ་སློབ་ཁུལ་དུ། བདེ་སྲུང་མི་སྣས་སློབ་གྲྭར་ཡོང་མཁན་གྱི་དགེ་རྒན་རྣམས་ལ་ལུས་པོའི་དྲོད་ཚད་འཇལ་བ་དང་ཐོ་འགོད་ཀྱི་ལས་དོན་སྤེལ་བཞིན་ཡོད། སློབ་སྤྱི་གཞོན་པ་ཡང་ཧའོ་ཡིས། དགེ་རྒན་དང་ལས་བཟོ་རྣམས་སྔ་ནུར་དུ་སློབ་གྲྭར་འབྱོར་ཡོད་པ་མ་ཟད། བདེ་འཇགས་སྒྲིག་ཆས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

སྤྱི་ཚེས་22ཉིན་ཨན་ཧུའེ་དང་། ཤིན་ཅང་སོགས་སློབ་གྲྭ་འབྲིང་ཆུང་གིས་ཁག་བགོས་པ་དང་། དུས་ཚོད་དབྱེ་ནས་སློབ་འགོ་ཚུགས་ཡོད། སློབ་མ་རྣམས་སློབ་དུས་གསར་པར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་གྲྭར་ལོག་རྒྱུར་འགན་ལེན་བྱ་ཆེད། ཨན་ཧུའེ་ཧོ་ཧྥེ་དང་། ལུའུ་ཨན། ཧོང་ཧྲན་སོགས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་ཕྱི་བཀག་ནང་སྡོམ་གྱི་དོ་དམ་ལག་བསྟར་བྱས་ཡོད་པ་དང་། སློབ་གྲྭར་ཕྱིར་ལོག་བྱེད་པའི་མི་སྣ་ཡོངས་ལ་བདེ་ཐང་ཨང་རྟགས་བཤེར་བ་དང་། ལུས་པོའི་དྲོད་ཚད་འཇལ་བ་སོགས་ཀྱི་བདེ་འཇགས་ཞིབ་བཤེར་གྱི་ལས་དོན་སྤེལ་ཡོད། དེ་དང་ཆབས་ཅིག སློབ་དུས་གསར་པའི་རིམས་འགོག་དངོས་ཟོག་གྲ་སྒྲིག་དང་། རིམས་འགོག་དུག་སེལ་སོགས་ལེགས་སྒྲུབ་ཟིན་ཡོད་པ་རེད།

ཤིན་ཅང་ཨུ་ལུམ་ཆི་གྲོང་ཁྱེར་སློབ་འབྲིང་73པའི་སློབ་སྤྱི་གཞོན་པ་མ་ཡན་གྱིས། སློབ་གྲྭས་སྔ་ས་ནས་ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་རས་15000གྲ་སྒྲིག་བྱས་ཡོད་པ་དང་། དགེ་སློབ་ཚོའི་གཟའ་འཁོར་གཅིག་རིང་གི་ཁ་རས་འདང་ངེས་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ས་གནས་མང་པོའི་སློབ་གྲྭ་འབྲིང་ཆུང་སློབ་འགོ་ཚུགས་ཡོད་པ་དང་སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དོན་འཁྱོལ་ནན་ཏན་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་22ཉིན་ནས་བཟུང་ས་གནས་མང་པོའི་སློབ་གྲྭ་འབྲིང་ཆུང་སློབ་འགོ་ཚུགས་ཡོད་པ་རེད། ས་གནས་ཁག་གི་སློབ་གསོའི་གཙོ་འགན་ཚན་པ་དང་སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ།