ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཀྲན་ཧྲུའུ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་གྱ་བཞི་པ་གཙོ་སྐྱོང་གནང་བ།

2021-02-10 10:22:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྱི་གྲོས་ཚོགས་ཐེངས་གྱ་བཞི་པ་སྤྱི་ཚེས་9ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

གྲོས་ཚོགས་ཐོག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་སྤྱི་ཟླ་2ཚེས་27ནས་ཚེས་28ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་ཐག་བཅད་ཡོད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་ལས་འགན་གལ་ཆེན་ཞིག་ནི་མི་རིང་བར་འཚོག་གྲབས་ཡོད་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པར་གྲ་སྒྲིག་བྱ་རྒྱུ་དེ་རེད། ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། ཨུ་ཡོན་ཀྲང་གི་གྲོས་ཚོགས་ཀྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་གྲོས་གཞི་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མིང་ཐོའི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་སྐོར་གྱི་གྲོས་གཞི། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པར་ཟུར་ཞུགས་གནང་མཁན་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག་གྲོས་འགོ་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་གྲོས་རིམ་གྲས་སུ་ད་དུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིས་ཅན་ཁྲལ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འགལ་ཐོག་རི་སྐྱེས་སྲོག་ཆགས་ཉོ་འཚོང་བྱེད་པ་ཁྱོན་ཡོངས་ནས་གཏན་འགོག་དང་། རི་སྐྱེས་སྲོག་ཆགས་གང་བྱུང་བཟའ་བའི་གོམས་སྲོལ་ངན་པ་མེད་པ་བཟོ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་སྲུང་ཏན་ཏིག་བཅས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ་དང་གྲོས་ཞིབ་བསམ་འཆར་གནས་ཚུལ་ལ་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་དོན་གཏུག་བཤེར་གོ་རིམ་སྟབས་བདེ་དང་ཁག་བགོས་ཀྱི་བསྒྱུར་བཅོས་ཚོད་ལྟའི་གནས་ཚུལ་སྐོར་གྱི་དུས་དཀྱིལ་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་འབྲེལ་ཡོད་བསྐོ་འཐེན་གྲོས་གཞི་སོགས་ལ་གྲོས་ཞིབ་བྱ་རྒྱུ་བཅས་ཡོད་པ་རེད།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དབྱང་ཀྲེན་ཝུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་གྲོས་རིམ་འཆར་ཟིན་དང་། ཉིན་རེའི་གྲོས་རིམ་བཀོད་སྒྲིག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་དང་། ཉིན་རེའི་གྲོས་རིམ་བཀོད་སྒྲིག ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་སོགས་ཐད་སྙན་སེང་ཞུས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཆེ་གཞོན་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། གཞུང་ལས་ཐིང་གི་ཞིབ་འཇུག་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་འབྲེལ་ཡོད་གྲོས་རིམ་སོགས་ཐད་སྙན་ཞུ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ལི་ཀྲན་ཧྲུའུ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་གྱ་བཞི་པ་གཙོ་སྐྱོང་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྱི་གྲོས་ཚོགས་ཐེངས་གྱ་བཞི་པ་སྤྱི་ཚེས་9ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།