སྡེ་ཁག་ལྔ་ཡིས་ཐེ་སི་ལ་རླངས་འཁོར་གྱི་པེ་ཅིང་དང་ཧྲང་ཧའེ་ཚད་ཡོད་ཀུང་སིར་སྐོང་འདྲི་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་དང་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། འཕྲལ་སྒྲུབ་དོ་དམ་པུའི་མེ་ཟོན་མྱུར་སྐྱོབ་ཅུད་བཅས་ཀྱིས་ཉེ་དུས་འཛད་སྤྱོད་པས་ལན་ཆ་བྱས་པའི་རྒྱུན་ལྡན་མིན་པའི་མྱུར་ཚད་དང་། གློག་རྫས་ལ་མེ་འབར་བ། རླངས་འཁོར་རྒྱང་ཚོར་རིམ་སྤོར་བྱེད་པ་སོགས་ཀྱི་གནད་དོན་ཐད་ཐེ་སི་ལ་རླངས་འཁོར་གྱི་པེ་ཅིང་དང་ཧྲང་ཧའེ་ཡི་ཚད་ཡོད་ཀུང་སིར་སྐོང་འདྲི་བྱས་ནས། ཀྲུང་གོའི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། ནང་མཁོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་སྤུས་ཚད་ཀྱི་བདེ་འཇགས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ནུས་ལྡན་ངང་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པའི་བླང་བྱ་སྟོན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།