ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་བོད་ས་མཐོའི་དངོས་ཟོག་ཐེག་ཚད་ཆེ་ཤོས་ཀྱི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་པ།

2021-01-13 14:12:00     责编:卓玛才让

མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་15ཙམ་ལ་ཀྲུང་གོ་སྦྲག་སྲིད་མཁའ་འགྲུལ་ཚད་ཡོད་ཀུང་སིའི་CF9051རྟགས་ཅན་གྱི་དུས་གཏན་གནམ་གྲུ་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བླག་ངང་བབས་པ་དང་དེ་ནི་ད་བར་མཚོ་བོད་ས་མཐོར་གནམ་གྲུ་ཤར་གཏོང་ཐུབ་རྗེས་དངོས་ཟོག་ཐེག་ཚད་ཆེ་ཤོས་ཀྱི་ཟོག་འདྲེན་མཁའ་ལམ་ཞིག་རེད།

ནུབ་རྒྱུད་གནམ་ཐང་ཚོགས་པ་མཁའ་འགྲུལ་ཟོག་འགྲེམས་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཧུའུ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་སྦྲག་སྲིད་མཁའ་འགྲུལ་ཟོག་འགྲེམས་མཁའ་ལམ་ཤར་གཏོང་ཐུབ་ནས་ནན་ཅིང་ལྟེ་བར་བྱས་པའི་ཀྲུང་གོའི་བྱང་རྒྱུད་ས་ཁུལ་དང་། ཀྲུང་གོའི་ཤར་རྒྱུད་ས་ཁུལ། བྱང་ཤར་ས་ཁུལ། ཀྲུང་གོའི་དབུས་རྒྱུད་ས་ཁུལ། ཀྲུང་གོའི་ལྷོ་རྒྱུད་ས་ཁུལ། ལྷོ་ནུབ་ས་ཁུལ། ནུབ་བྱང་ས་ཁུལ་བཅས་ས་ཁུལ་7ལ་ཁྱབ་པའི་རྒྱལ་ནང་གི་མཁའ་ལམ་དྲ་བ་འགྲུབ་རྒྱུ་དང་སྐབས་དེར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་99ལ་ཉིན་གཉིས་པར་དངོས་ཟོག་སྐྱེལ་ཐུབ་པ་དང་གྲོང་ཁྱེར་114ལ་གནངས་འཆར་ངང་དངོས་ཟོག་སྐྱེལ་ཐུབ་ཀྱི་ཡོད་པ་རེད། སླད་ཕྱིན་ནུབ་རྒྱུད་གནམ་ཐང་ཚོགས་པ་མཁའ་འགྲུལ་ཟོག་འགྲེམས་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སིས་མཁའ་འགྲུལ་ཀུང་སི་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་མཁའ་འགྲུལ་ཟོག་འགྲེམས་དྲ་རྒྱའི་བཀོད་པ་ཆེན་པོ་ཞིག་བཏོད་དེ་མྱུར་སྐྱེལ་ཁེ་ལས་ཁག་དང་ཟོག་འདྲེན་ཚབ་གཉེར་མི་སྣའི་དབར་གཞོགས་འདེགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་མཚོ་སྔོན་གནམ་ཐང་ཀུང་སིའི་རྒྱབ་སྐྱོར་འོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་མཚོ་སྔོན་མཁའ་འགྲུལ་ཟོག་འགྲེམས་ལས་སྒོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟི་ལིང་གནམ་ཐང་དེ“མཚོ་བོད་ས་མཐོའི་མཁའ་འགྲུལ་ཟོག་འགྲེམས་ལྟེ་བར”འགྱུར་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

མཚོ་བོད་ས་མཐོའི་དངོས་ཟོག་ཐེག་ཚད་ཆེ་ཤོས་ཀྱི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་པ།

ནུབ་རྒྱུད་གནམ་ཐང་ཚོགས་པ་མཁའ་འགྲུལ་ཟོག་འགྲེམས་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཧུའུ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་སྦྲག་སྲིད་མཁའ་འགྲུལ་ཟོག་འགྲེམས་མཁའ་ལམ་ཤར་གཏོང་ཐུབ་ནས་ནན་ཅིང་ལྟེ་བར་བྱས་པའི་ཀྲུང་གོའི་བྱང་རྒྱུད་ས་ཁུལ་དང་།