ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

2021-01-13 14:06:00     责编:卓玛才让

2020ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལས་དོན་གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཕན་འབྲས་དངོས་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡོངས་བསྒྲགས་ཀྱི་རྒྱུགས་བསྡུ་བདེ་བླག་ཡོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་མི་དོན་གྱི་རྒྱུགས་ལེན་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུཌ་བཙུགས་ཏེ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ནས་མི་400ལྷག་ཙམ་སྐོང་འཐེན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། འགྲོ་ལམ་བདེ་འཇགས། ཁོར་ཡུག་བཅོས་སྒྲིག ཡིག་རྒྱུགས་ལྟ་སྐུལ་སོགས་འབྲེལ་ཡོད་ཀྱི་ལས་དོན་ནན་ཏན་ངང་བསྒྲུབས་ཏེ་ཡོངས་བསྒྲགས་ཀྱི་རྒྱུགས་བསྡུ་བདེ་བླག་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད། 2020ལོར་ནག་ཆུ་གྲོང་ཁྱེར་གྱིས་ཡོངས་བསྒྲགས་ཀྱི་རྒྱུགས་ལེན་བྱ་ཡུལ་ཁྱོན་6བཙུགས་པར། གཞུང་ལས་པའི་ལས་གནས་ལ་རྒྱུགས་སྤྲོད་མཁན་392དང་བྱ་གཞག་ཚན་པར་རྒྱུགས་སྤྲོད་མཁན་3525ཡོད་པ་རེད།

2020ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་། “གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་པ་བརྒྱུད། གྲོང་ཁྱེར་དབུལ་སྐྱོར་གྱི་དྲ་ཐོག་ཚོང་དོན་ལྟེ་གནས་ལ་བརྟེན་ནས་རྫོང(ཆུས)ཁག་གི་དྲ་ཐོག་ཚོང་དོན་ལས་སྟེགས་དང་ཀུན་གཏོད་བར་མཐོངས་སོགས་སུ་ལོ་དེ་སྔའི་མཐོ་སློབ་སློབ་ཐོན་སློབ་མ་207ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་ལས་གནས་སྦྲེལ་མཐུད་དང་རྒྱུགས་བསྡུའི་ལས་དོན་ནན་ཏན་ངང་བསྒྲུབས་པས། མིག་སྔའི་བར། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་མཐུན་སྦྱོར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་4563མཁོ་འདོན་བྱས་པ་དང་གྲོང་ཁྱེར་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་518བཙལ་ཡོད།

ནག་ཆུ་གྲོང་ཁྱེར་གྱིས་ལས་གཏོད་ལས་སྟེགས་ཧུར་ཐག་བསྐྲུན་ཞིང་། མིག་སྔར་གྲོང་ཁྱེར་ཡོངས་སུ་ཀུན་གཏོད་ཞབས་ཞུའི་ལས་སྟེགས་5བསྐྲུན་ནས་མཐོ་སློབ་སློབ་ཐོན་སློབ་མ་120ལས་ཞུགས་ཐུབ་སྟེ། རིམ་རྩིས་བྱས་ན་མཐོ་སློབ་སློབ་ཐོན་སློབ་མ་180ལས་ཞུགས་ལས་གཏོད་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ནག་ཆུ་གྲོང་ཁྱེར་རྫོང(ཆུས)ཚང་མར་2020ལོའི་མཐོ་སློབ་སློབ་ཐོན་མའི་སྐད་འཕྲིན་སྤེལ་རེས་ཚོགས་པ་བཙུགས་ཏེ། ཆེད་མི་བཀོད་སྒྲིག་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་གནས་ཚུལ་ལ་དོ་ཁུར་དང་། སྐད་འཕྲིན་སྤེལ་རེས་ཚོགས་པར་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། རིགས་འདྲ་མིན་གྱི་ལས་མི་བསྡུ་བའི་ཆ་འཕྲིན་བརྒྱུད་སྤེལ། དྲིས་པའི་དྲི་བར་ལན་འདེབས་པ་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མར“དྲ་བ་རྒྱུན་མི་ཆད་པའི”ལས་ཞུགས་ཀྱི་ཞབས་འདེགས་ཞུས་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་ཀྱི་རྒྱ་བོད་ཤན་སྦྱར་གྱི་དྲིལ་བསྒྲགས་ལག་དེབ་དང་འགུལ་རིས་ཀྱི་དྲིལ་བསྒྲགས་བརྙན་ཐུང་། 《ལས་གཏོད་ཕུགས་འདུན་འགྲུབ་པའི》ལས་གཏོད་གླུ་གཞས། ལས་གཏོད་ལེགས་གྲུབ་མཁན་གྱི་VCRབཅས་བཟོས་ཏེ། རྒྱ་བོད་ཤན་སྦྱར་གྱི་སྲིད་ཇུས་དྲིལ་བསྒྲགས་ལག་དེབ་ཁྲི་10ལྷག་ཙམ་བཀྲམ་པ་དང་སྦྲགས་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཚོགས་པ་རྫོང(ཆུས)ཁག་ཏུ་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་འཚོགས་པར་མངགས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ནང་སྐྱེས་འགུལ་ཤུགས་སྔར་བས་འཕེལ་བར་བྱས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

中央广播电视总台 央广网 版权所有

ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

ཤེས་རྟོགས་བྱུང་བར་གཞིགས་ན། ཡོངས་བསྒྲགས་ཀྱི་རྒྱུགས་བསྡུ་བདེ་བླག་ཡོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་མི་དོན་གྱི་རྒྱུགས་ལེན་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུཌ་བཙུགས་ཏེ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ནས་མི་400ལྷག་ཙམ་སྐོང་འཐེན་བྱས་ནས།