ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་སར་འཁོར་གཉིས་གློག་སྒུལ་རྐང་འཁོར་ལ་ཐོ་འགོད་བྱེད་འགོ་ཚུགས།

2021-01-13 10:06:00     责编:卓玛才让

གློག་སྒུལ་རྐང་འཁོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དང་ཤར་གཏོང༌། གོ་རིམ་ལྡན་པ་བཅས་ཡོང་ཆེད། སྤྱི་ཟླ་དང་པོའི་ཚེས ༡༠ ཉིན་ནས་བཟུང༌། ལྷ་ས་གྲོང་ཁྱེར་གྱིས་ལག་རྩལ་དཔྱད་གྲངས་གློག་སྒུལ་འཁོར་ལོའི་ཁྱབ་ཁོངས་ལས་བརྒལ་བའི་འཁོར་གཉིས་གློག་སྒུལ་རྐང་འཁོར་ལ་རིན་མེད་ངང་ཐོ་འགོད་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གློག་སྒུལ་འཁོར་རིགས་ཀྱི་འཁོར་བྱང་ལེན་པར་དོ་བདག་གིས་ཐོབ་ཐང་ལག་ཁྱེར་དང་རླངས་འཁོར་ཉོས་པའི་འཛིན་ཡིག གློག་སྒུལ་འཁོར་རིགས་ཀྱི་ཚད་ལོན་ལག་ཁྱེར་སོགས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་དགོས་པ་དང༌། འཕྲུལ་སྒུལ་མ་ཡིན་པའི་འཁོར་རིགས་དོ་དམ་ཟོའོ་རུ་རིན་མེད་ངང་འཁོར་བྱང་བསྒར་ཆོག་པ་དང༌། རླངས་འཁོར་ཉོས་པའི་འཛིན་ཡིག་དང་རླངས་འཁོར་གྱི་ཁྲིམས་མཐུན་ལག་ཁྱེར་མེད་ཚེ་དོ་བདག་གིས་རང་གནས་སའི་ཤང་༼ གྲོང་རྡལ ༽དང་སྲིད་འཛིན་གྲོང་ཚོ་ཡང་ན་མངག་གཏོང་ཁང་སོགས་ཚན་པའི་འབྲེལ་ཡོད་དཔང་ཡིག་མཁོ་འདོན་བྱེད་དགོས་ཀྱི་ཡོད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ད་དུང་སྡེ་ཁུལ་ཁག་ཏུ་རིམ་པ་བཞིན་གློག་སྒུལ་རྐང་འཁོར་ཐོ་འགོད་བྱ་རྒྱུ་རེད།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།

中央广播电视总台 央广网 版权所有

ལྷ་སར་འཁོར་གཉིས་གློག་སྒུལ་རྐང་འཁོར་ལ་ཐོ་འགོད་བྱེད་འགོ་ཚུགས།

སྤྱི་ཟླ་དང་པོའི་ཚེས ༡༠ ཉིན་ནས་བཟུང༌། ལྷ་ས་གྲོང་ཁྱེར་གྱིས་ལག་རྩལ་དཔྱད་གྲངས་གློག་སྒུལ་འཁོར་ལོའི་ཁྱབ་ཁོངས་ལས་བརྒལ་བའི་འཁོར་གཉིས་གློག་སྒུལ་རྐང་འཁོར་ལ་རིན་མེད་ངང་ཐོ་འགོད་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད།