ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འདི་ལོའི་སྟོན་འབྲུ་ཉོ་སྒྲུབ་ཕྱེད་ཀ་ཟིན་པ།

2021-01-13 09:49:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་ཀྱིས་སྤྱི་ཚེས་12ཉིན་སྤྱི་ལོ་2020ལོ་ནས་སྤྱི་ལོ་2021ལོའི་བར་གྱི་སྟོན་འབྲུ་ཉོ་སྒྲུབ་ཕྱེད་ཀ་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། མིག་སྔའི་བར་སླེབས་དུས། རིམ་རྩིས་བྱས་ན་ཉོ་སྒྲུབ་ཏུན་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བྱས་པ་དེ་དུས་མཚུངས་ལས་ཏུན་ཁྲི་500མང་བ་ཡོད་པ་དང་། ཉོ་སྒྲུབ་བྱེད་ཚད་ལོ་གོང་མ་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད། ཉོ་སྒྲུབ་གནས་ཚུལ་ནས་བལྟས་ཚེ། ཁྲོམ་ར་ཅན་གྱི་ཉོ་སྒྲུབ་བསྡུར་གྲངས་བརྒྱ་ཆ་98ཟིན་པ་དེ། ལོ་གོང་མ་ལས་བརྒྱ་ཆའི་གནས་བརྒྱད་མཐོ་བ་ཡོད། ད་ལོ་འབྲུ་རིགས་མཁོ་སྤྲོད་འགན་ལེན་དང་ཁྲོམ་ར་བརྟན་པོ་ཡོང་བའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་འབྲུ་རིགས་གྲབས་གསོག་སིའི་སི་ཀྲང་ཆིན་གཡུས་ཡུན་གྱིས། མིག་སྔར་རང་རྒྱལ་གྱི་འབྲུ་རིགས་མཛོད་ཉར་བྱེད་ཚད་དེ་ཆུ་ཚད་མཐོ་པོའི་ཐོག་གནས་ཡོད་པ་དང་། ཁེ་ལས་00ཚོང་ཟོག་་མཛོད་ཉར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གྲོ་དང་འབྲས་སོགས་བཟའ་འབྲུའི་སྣེ་རིགས་ཀྱིས་ལོ་གཅིག་གི་འཛད་སྤྱོད་དགོས་མཁོ་སྐོང་ཐུབ་པ་དང་། གྲོང་ཁྱེར་ཆེ་འབྲིང་གི་འབྲུ་རིགས་དང་བཟའ་སྣུམ་གྱི་མཛོད་ཉར་འགན་ལེན་ནུས་པ་ཉིན་20ཡན་ཡིན། མིག་སྔར་ཁེ་ལས་ཀྱི་ཚོང་ཟོག་མཛོད་ཉར་གྱིས་ཉེ་བའི་ལོ་15རིང་གི་ཆུ་ཚད་མཐོ་ཤོས་གཏོད་པ་དང་། བྱང་ཤར་ས་ཁུལ་གྱི་མ་རྨོས་ལོ་ཏོག་གི་ཚོང་ཟོག་མཛོད་ཉར་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་ལྡབ་3ཟིན་ཡོད་ཅེས་བསྟན་ཡོད་པ་རེད།

རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་གཞུང་ལས་ཁང་གི་ཀྲུའུ་རེན་ཧྥང་ཅིན་གྱིས། སྤྱི་ལོ་2021ལོར་འབྲུ་རིགས་ཐོན་སྐྱེད་དང་ཉོ་སྒྲུབ། གྲབས་གསོག་ཐོག་ཕྱིན་འཚོང་སྣོན་པའི་མཐུན་སྦྱོར་འགན་སྲུང་བྱ་ཤུགས་ཆེ་རུ་གཏོང་བ་དང་། མཁོ་སྤྲོད་འགན་ལེན་དང་ཁྲོམ་ར་བརྟན་པོ་ཡོང་བ་བྱས་ཏེ་གསོག་ཉར་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ཆིན་གཡུས་ཡུན་གྱིས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་གསོག་གྲབས་གསོག་ཅུད་ཀྱིས་དཔྱིད་གསར་དུས་ཆེན་རིང་འབྲུ་རིགས་ཉོ་སྒྲུབ་དང་ཕྱིར་འཚོང་བྱེད་མང་བའི་དུས་ཚིགས་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་སྔོན་ཇུས་ཡག་པོ་བཟོས་ཏེ་འབྲུ་སྣུམ་ཐོན་རྫས་མཁོ་སྤྲོད་འདང་ངེས་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

འདི་ལོའི་སྟོན་འབྲུ་ཉོ་སྒྲུབ་ཕྱེད་ཀ་ཟིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་ཀྱིས་སྤྱི་ཚེས་12ཉིན་སྤྱི་ལོ་2020ལོ་ནས་སྤྱི་ལོ་2021ལོའི་བར་གྱི་སྟོན་འབྲུ་ཉོ་སྒྲུབ་ཕྱེད་ཀ་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།