ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྱིས་ཐུན་མོང་ཐོག་སྤེལ་བའི་རྒྱལ་ཁབ་ཀྱི་ལས་མི་སྐོང་བསྡུའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

2021-01-13 09:47:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་སློབ་གསོ་པུའུ། མི་དོན་དང་སྤྱི་ཚོགས་འགན་སྲུང་པུའུ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་མཉམ་དུ་སྤེལ་བ་དང་། དབྱང་བརྙན་མཐོང་དང་རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུང་སིའི་མི་ཤུགས་ཀྱིས་གཙོ་གཉེར་བྱས་པའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ལས་མི་སྐོང་བསྡུའི་བྱེད་སྒོ་ཆེ་གྲས། རྒྱལ་ཁབ་ཀྱི་ལས་མི་སྐོང་བསྡུའི་བྱ་སྤྱོད་ཅེས་པའི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ཆེད་དོན་བྱེད་སྒོ་དེ་སྤྱི་ཚེས་12ཉིན་སྤེལ་འགོ་ཚུགས་ཡོད། བྱེད་སྒོ་དེས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་གྲགས་ཅན་ཁེ་ལས་བྱ་གཞག་ཚན་པའི་དགོས་མཁོ་ལེགས་སྒྲིག་བྱས་ཏེ། ལས་ཀ་འཚོལ་མཁན་ལ་སྣ་མང་ཅན་གྱི་ལས་ཞུགས་གདམ་ག་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི་ལས་མི་སྐོང་བསྡུའི་བྱེད་སྒོ་སྤེལ་ཐེངས་གཉིས་པ་ན་ནིང་སྤྱི་ཟླ་12པའི་ཟླ་དཀྱིལ་ནས་སྤེལ་འགོ་ཚུགས་ཡོད་པ་དང་། ད་བར་ལས་གནས་ས་ཡ་1དང་3འབུམ་ལྷག་མཁོ་འདོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྱིས་ཐུན་མོང་ཐོག་སྤེལ་བའི་རྒྱལ་ཁབ་ཀྱི་ལས་མི་སྐོང་བསྡུའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་སློབ་གསོ་པུའུ། མི་དོན་དང་སྤྱི་ཚོགས་འགན་སྲུང་པུའུ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་མཉམ་དུ་སྤེལ་བ་དང་།